སྡེ་ཚན་གཉིས་ཀྱིས་ཡིག་ཆ་བཀྲམ་ནས་ཆུ་གྲོན་ཆུང་སྒྲིག་ཆས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། ཆུ་བེད་པུའུ་ཡིས《ཆུ་གྲོན་ཆུང་སྒྲིག་ཆས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་བསྟར་ཇུས་གཞི(2025ནས་2030ལོའི་བར)》མཉམ་དུ་བཀྲམ་པའི་ནང་། 2027ལོར་སླེབས་སྐབས་གཙོ་གནད་ཁྱབ་ཁོངས་ཀྱི་ཆུ་མཁོ་འདོན་དང་། ཆུ་སྤྱོད། འཁོར་རྒྱུག་བེད་སྤྱོད་སོགས་ཀྱི་ཆུ་གྲོན་ཆུང་སྒྲིག་ཆས་ལ་ཚད་བརྒལ་ཡོང་བར་བྱ་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
ཆུ་གྲོན་ཆུང་སྒྲིག་ཆས་ནི་ཆུ་གྲོན་ཆུང་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། རྒྱལ་ཁབ་ཀྱི་ཆུའི་བདེ་འཇགས་འགན་ལེན་བྱེད་པའི་འདེགས་སྐྱོར་གལ་ཆེན་ཞིག་ཀྱང་རེད། བཟོ་ལས་ཁྱབ་ཁོངས་སུ་ཆ་བཞག་ན། 2024ལོར་བཟོ་ལས་ཐད་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་དུང་ཕྱུར་971ཟིན་པ་དེས་རྒྱལ་ཡོངས་ཆུ་སྤྱོད་ཚད་ཀྱི་16%ཙམ་བཟུང་བ་དང་། སྒོར་ཁྲིའི་བཟོ་ལས་འཕར་ཐང་གི་ཆུ་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་24ཟིན་ཡོད་པ་རེད།
ཇུས་གཞིའི་ནང་2027ལོ་དང་2030ལོའི་འཕེལ་རྒྱས་ཀྱི་དམིགས་ཚད་བཏོན་པ་སྟེ། 2027ལོར་སླེབས་སྐབས། རང་བདག་ཤེས་རིག་བདག་དབང་ཡོད་པའི་ལྟེ་བའི་ལག་རྩལ་ཁག་གཅིག་ཁོང་དུ་ཆུད་པར་བྱས་ནས་ནུས་ཆེའི་རྒྱུན་འཁོར་གྲང་བཟོ་དང་རིག་ལྡན་ཆུ་སྤྱོད་དོ་དམ་དང་ཚོད་འཛིན་སོགས་ལག་རྩལ་སྒྲིག་ཆས་ཐོན་ལས་ཅན་གྱི་བཀོལ་སྤྱོད་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
ཇུས་གཞིའི་ནང་ཐོན་སྐྱེད་བཟོ་རྩལ་བརྒྱུད་རིམ་ཁྲོད་ཀྱི་ཆུ་ཟད་གྲོན་ཆེ་བའི་རྒྱུན་སྤྱོད་སྒྲིག་ཆས་ལ་གཙོ་གནད་ཐོག་དོ་ཁུར་བྱས་ཡོད་པ་སྟེ། ཆུ་མཁོ་འདོན་དང་། ཆུ་སྤྱོད་པ། བསྐྱར་སྤྱོད་སྒྲིག་ཆས་འཕེལ་རྒྱས། གྲངས་རིག་ཅན་གྱི་ཕྱོགས་སྒྱུར་བཅས་གཙོ་གནད་ལས་འགན་བཞི་ལ་དམིགས་ནས། ཆུ་གྲོན་ཆུང་སྒྲིག་ཆས་ཀྱི་འགག་སྒྲོལ་བྱེད་དགོས་ངེས་ཀྱི་འགག་རྩའི་ལྷུ་ལག་དང་། རྒྱུ་ཆ། བཟོ་རྩལ་སོགས་བཏོན་ཐོག“གནད”ཚད་བརྒལ་བྱས་པ་བརྒྱུད་རྒྱུ་ཆ་ཞིབ་འཇུག་གསར་སྤེལ་དང་། སྒྲིག་ཆས་བཟོ་སྐྲུན། མ་ལག་འདུས་གྲུབ་བཅས་ཚུད་པའི་ཆུ་གྲོན་ཆུང་སྒྲིག་ཆས་ཀྱི་ཐོན་ལས་འཁོར་འབྲེལ་གྱི“འབྲེལ་ཐག”རྣམ་པའི་མཉམ་སྒྲུབ་བྱེད་སྟངས་ཆགས་པར་བྱས་ཏེ། བརྒྱུད་རིམ་ཧྲིལ་པོ་དང་རྣམ་པ་མང་བའི“ངོས”ནས་ཆུ་གྲོན་ཆུང་ཐུབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།