དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་རྒྱལ་གྱི་ཁྲ་ཡིའུ་སྣུམ་གྱི་ཐོན་འབབ་53%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-09

    ཉེ་ཆར། གསར་འགོད་པར་རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་རྒྱལ་གྱིས་ཚད་གཞི་མཐོ་བའི་ཡིའུ་ཁྲ་ནགས་ཚལ་འཛུགས་སྐྲུན་ལ་དམིགས་ནས་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་མཐུན་སྦྱོར་འཕེལ་རྒྱས་གཏོང་བར་དམ་འཛིན་ཧུར་ཐག་བྱས་ཏེ། ཁྲ་ཡིའུ་སྣུམ་གྱི་ཐོན་ནུས་ཆེ་རུ་བཏང་བ་དང་ཡིའུ་ཁྲ་ནགས་ཚལ་གྱི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད། ཉེ་བའི་ལོ་གསུམ་རིང་། ཡིའུ་ཁྲ་ནགས་ཚལ་འདེབས་ཁྱོན་མུའུ་ཁྲི་1180ལྷག་འཕར་བ་དང་ཐོན་འབབ་དང་ཕན་ནུས་ཆུང་བའི་ནགས་ཚལ་སྒྱུར་བཀོད་བྱེད་ཁྱོན་མུའུ་ཁྲི་970ལྷག་ཟིན་ཡོད། མིག་སྔའི་བར། རྒྱལ་ཡོངས་ཀྱི་ཡིའུ་ཁྲ་ནགས་ཚལ་འདེབས་ཁྱོན་མུའུ་ཁྲི་7500ལྷག་ཙམ་ཟིན་ནས་ཁྲ་ཡིའུ་སྣུམ་ཐོན་འབབ་ཏུན་ཁྲི་110ཟིན་པ་དེ་2020ལོ་ལས་53%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།