ཧི་མ་ལ་ཡའི་རི་ཁུག་ནས“དམངས་ཉེན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”གླུ་དབྱངས་གྲགས།
སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་ལེན།

འདི་ནི་བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱིས་ལེགས་རྩེ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ལ་གོས་དར་སྤྲད་པ་དང་ཆབས་ཅིག་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

འདི་ནི་བཅའ་སྡོད་བྱ་ཡུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱིས“སྤྲིན་རུམ་ས་ཚིགས”ཀྱི་དམངས་ཕན་མྱུར་སྐྱེལ་ས་ཚིགས་ནས་མྱུར་སྐྱེལ་བསྐུར་མ་ལེན་བཞིན་པ།
ཧི་མ་ལ་ཡའི་རི་རྒྱུད་ཀྱི་དཀྱིལ་དུ་ཆགས་པའི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་དུ་གནས་པའི་སྐྱིད་གྲོང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་གཙོ་རྐང་དུ་བྱས་པ་དང་། “མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་བྱེད་པ”ཁ་ཕྱོགས་སུ་བྱས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བས་དམངས་ཉེན་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་གསོན་ཉམས་དོད་པོས་བརྩམས་ཡོད།
མི་རིགས་མཐུན་སྒྲིལ་གྱི་བླ་སྲོག་བརྟན་པོ་བཙུགས་པ།
སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“མཉམ་གསུམ”རྣམ་པ(གཞི་རིམ་རྩ་འཛུགས་མཉམ་སྐྲུན་དང་། རྨང་གཞིའི་ཐོན་ཁུངས་མཉམ་སྤྱོད། ཏང་འཛུགས་སྐྱོང་གི་སྤུས་རྟགས་མཉམ་གཏོད)གསར་གཏོད་བྱས་ཏེ། བཅའ་སྡོད་བྱ་ཡུལ་གྱི་ཁྱིམ་མཚེས་ཚན་པ་དང་གྲོང་ལྷན་གྱི་ཏང་རྩ་འཛུགས་དང་མཉམ་གཏོད་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ཞིང་། ཕུལ་བྱུང་ཏང་ཀྲི་པུའུ་3བདམས་ཏེ་འགག་སྒོ་ལས་ཁུངས་ཀྱི་ལྟ་འདོམས་ཁོའོ་དང་པོ་དང་། དེ་བཞིན་རི་ཟུར་གྲོང་ཚོ་དང་འཁྲུངས་ས་གྲོང་ཚོའི་ཏང་ཀྲི་པུའུ་དབར་མཉམ་སྐྲུན་གྲོས་མཐུན་བཞག་པས། ཀྲི་པུའུ་དང་། ཏང་ཡོན། མང་ཚོགས་བཅས་དབར་གྱི་འབྲེལ་གཏུག་དང་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སྣེ་ཁྲིད་པ”ཁག་གཅིག་གསོ་སྐྱོང་བྱས་ཡོད།
རྨང་གཞི་དེའི་ཐོག་ཁོང་ཚོས་མཉམ་འབྲེལ་ཏང་གི་སློབ་ཚན་དང་། མཉམ་འབྲེལ་ཏང་གི་ཉིན་མོ། མཉམ་འབྲེལ་ཕན་ཚུན་གདེང་འཇོག མཉམ་འབྲེལ་མཐའ་མཚམས་དོ་དམ། མཉམ་འབྲེལ་འཛུགས་རོགས་བཅས་ནང་དོན་གཙོ་བོར་བྱས་པའི“མཉམ་འབྲེལ་ལྔའི”ལམ་ལུགས་བཙུགས་ནས། མི་རིགས་ཁག་གི་མང་ཚོགས་མཐའ་མཚམས་དོ་དམ་ཚོད་འཛིན་དང་། ཁྲིམས་སྐྱོང་ལ་བརྟེན་ནས་མཐའ་མཚམས་བརྟན་སྲུང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ། དཔའ་བོ་དཔེ་བཟང་གི་སློབ་གསོ་སོགས་ཀྱི་ལས་དོན་ནང་ཞུགས་རྒྱུར་སྐུལ་སློང་གང་ལེགས་བྱས་པ་རེད། ལམ་ལུགས་དེ་གསར་གཏོད་བྱས་པ་ལས། རི་ཟུར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལྷ་དབང་གི་བློ་སྒོ་ཡངས་པོར་ཕྱེ་ནས“‘མཉམ་འབྲེལ་ལྔའི’”ལམ་ལུགས་ཀྱིས་ང་ཚོའི་གྲོང་ཚོའི་ཏང་ཡོན་ལ་གནས་ཚད་གསར་པ་རྙེད་པ་མ་ཟད། མང་ཚོགས་ལ་རེ་བ་གསར་པ་ཡང་བྱུང་ནས། ཏང་ཀྲི་པུས་གྲོང་ཚོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་ཏང་ཡོན་གྱིས་མང་ཚོགས་ཕྱུག་འགྱུར་ལ་སྐུལ་ཁྲིད་བྱེད་པའི་འཁོར་རྒྱུག་བཟང་པོ་དངོས་སུ་མངོན་འགྱུར་བྱུང་ཡོད”ཅེས་བཤད།
ཀྲི་པུའི་མཉམ་སྐྲུན་ལས་སྟེགས་བརྒྱུད། སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བཅའ་སྡོད་བྱ་ཡུལ་གྱི་འགག་སྒོ་དོ་དམ་ཨུ་ལྷན་དང་། སློབ་གྲྭ། དངུལ་ཁང་སོགས་ཚན་པ་དང་མཉམ་སྐྲུན་བྱེད་སྒོ་ཐེངས་མང་སྤེལ་ཏེ་གཞི་རིམ་ཏང་རྩ་འཛུགས་ལ“མང་ཚོགས་དང་ཉེ་བཅར་བྱས་ནས་སེམས་ནང་གི་སྐད་ཆ་ཉན་པ་དང་། དམངས་སེམས་དང་བསྟུན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ངར་སེམས་ཆེར་སྐྱེད་ཀྱིས་གཟུགས་བརྙན་མངོན་པ”ཞེས་པའི་ཏང་འཛུགས་སྐྱོང་གི་ཞབས་ཞུའི་སྤུས་རྟགས་ཤུགས་ཆེན་གཏོད་རྒྱུའི་མཛུབ་ཁྲིད་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་རམ་འདེགས་བྱས་ཡོད། ལྷག་པར་དུ་བསམ་བློ་སློབ་གསོར་བརྟེན་ནས་བླ་སྲོག་གཏོད་པའི་ཐད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་སྟེ། སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་སློབ་གསོ་སོགས་ནང་དོན་གཙོ་བོར་དམིགས་ནས“མི་དམངས་ཉེན་རྟོག་པ་དང་མང་ཚོགས”ཟུང་འབྲེལ་གྱི་སློབ་ཚན་དུས་བཀག་ལྟར་འཚོགས་པ་དང་། “དམངས་ཉེན་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”བརྗོད་དོན་གཙོ་བོའི་ལག་ལེན་རྒྱ་ཁྱབ་ཏུ་སྤེལ་ནས་མང་ཚོགས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་ཆེ་རུ་གཏོང་རྒྱུར་ཁྲིད་སྟོན་བྱས་ཡོད།
དམངས་ཉེན་གྱི་ཉ་ཆུ་ལྟ་བུའི་མཉམ་འདྲེས་ལ་སྐུལ་འདེད་བཏང་བ།
སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“བཅའ་སྡོད་བྱ་ཡུལ་ཕ་ཡུལ་དུ་བརྩི་བ་དང་མང་ཚོགས་གཉེན་ཉེར་བརྩི་བའི”ཞབས་ཞུའི་འདུ་ཤེས་བརྟན་པོར་བཙུགས་ཤིང་། མང་ཚོགས་ཀྱི་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“ཐུན་མོང་བཞིའི”འདུ་ཤེས་ལག་ལེན་བསྟར་བས། ཏང་སྲིད་ཐུགས་བློ་བདེ་བ་དང་མང་ཚོགས་བློ་ཡིད་ཚིམ་པའི་གཟུགས་བརྙན་བཟང་པོ་བཏོད་ཡོད།
ཡོམ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ས་ཚིགས་ཡོངས་ཀྱི་མི་དམངས་ཉེན་རྟོག་པས་ཆུ་ཚོད་154བསྟུད་མར་འབད་འཐབ་བྱས་པ་དང་། མི་ཐེངས་1835ཡིས་གདོང་མཆོང་དང་། གནོད་འཚེ་ཕོག་པའི་མང་ཚོགས་2100ལྷག་ཙམ་གནས་སྤོ། རྨས་སྐྱོན་ཕོག་པའི་མང་ཚོགས་137ལ་སྨན་བཅོས་བཅས་བྱས་པ་རེད། ལྷག་པར་དུ“ཁེར་ཆགས་གླིང་ཕྲན”དུ་གནས་པའི་འགག་སྒོའི་འཐབ་ས་དང་པོའི་ལས་སྒྲུབ་མི་དམངས་ཉེན་རྟོག་པ་21གིས་ཁ་ཆེམས་ཡི་གེ་བྲིས་ཏེ་གཡུལ་ས་བརྟན་སྲུང་བྱས་པས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་གྱི་ལྷད་མེད་བརྩེ་སེམས་མངོན་ནས་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དང་གོང་རིམ་ཏང་སྲིད་སྡེ་ཚན་གྱི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད། སྐབས་དེ་དུས་ཀྲན་ཀྲང་གཞོན་པའི་འགན་འཁུར་མཁན་ཀའོ་ཧུའེ་ཧའེ་ཡིས“ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད། གང་ལགས་ཤེ་ན། ང་ཚོའི་རྒྱབ་ཏུ་མེས་རྒྱལ་དང་མི་དམངས་ཡོད་པ་གསལ་པོར་ཤེས་ཀྱི་ཡོད”ཅེས་ཕྱིར་དྲན་བྱེད་བཞིན་དུ་བཤད།
བཅའ་སྡོད་བྱ་ཡུལ་དུ་མེ་སྐྱོན་ཐོན་སྐབས། མི་དམངས་ཉེན་རྟོག་པས་འཕྲལ་དུ་ས་ཡུལ་དངོས་སུ་བསྐྱོད་དེ་མང་ཚོགས་དང་ཕྱར་བ་གྲུ་འདེགས་ཀྱིས་སྐར་མ་15ཙམ་ལ་མེ་བསད་པས། མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཆེན་པོ་ཕོག་མེད་པར་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་ཏན་ཏིག་ཐུབ་པ་རེད། མང་ཚོགས་ཕུར་བུས་སེམས་འགུལ་ཐེབས་བཞིན“ཁྱེད་ཚོ་དུས་ཐོག་ཏུ་ཕེབས་པས་མ་གཏོགས་ཁང་པ་གོ་ཐལ་དུ་འགྱུར་ངེས་རེད། ཁྱོད་ཚོ་གཉེན་ཉེ་དང་འདྲ་བྱུང”ཞེས་བཤད།
ཉེ་བའི་ལོ་ཤས་རིང་། ས་ཚིགས་དེས་འགག་སྒོ་སྒོ་དབྱེ་རྒྱ་ཆེར་གཏོང་བའི་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་ཞིང་འབྲོག་པར་དབུལ་སྒྲོལ་ཕྱུག་འགྱུར་ཡོང་རོགས་བྱས་ནས་སྔ་རྗེས་སུ་མ་མཐའི་འཚོ་བའི་འགན་ལེན་དང་། སྨན་བཅོས། ལས་ཞུགས་སོགས་ཀྱི་གནད་དོན་50ལྷག་ཙམ་ཐག་གཅོད་དང་དཀའ་ངལ་དངོས་130ལྷག་ཙམ་བསལ་ཏེ། བྱ་སྤྱོད་ངོ་མར་བརྟེན་ནས་ཉེན་རྟོག་པ་དང་མང་ཚོགས་དབར་གྱི“སེམས་འབྲེལ་ཟམ་པ”བརྟན་པོ་བསྐྲུན་ཡོད།
བཅའ་སྡོད་བྱ་ཡུལ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་གཡས་གཞོགས་གཡོན་འདེགས་བྱས་པ།
མི་རིགས་མཐུན་སྒྲིལ་ནི་ཁ་བཤད་ལྦུ་བ་མ་ཡིན་པར། ལག་ལེན་གསེར་གྱི་ཐིགས་པའི་བྱ་སྤྱོད་ཅིག་རེད། སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས“དཔྱོད་ལྡན་ཞི་དུལ་ཆེད་ལས་དང་། ཁྲིམས་སྐྱོང་ཤེས་དཔལ་ཁོང་ཡངས”ཀྱི་ལྟ་བ་མཛུབ་ཁྲིད་དུ་བྱས་པ་དང་རང་ངོས་ཀྱི་དཔུང་ཁག་འཛུགས་སྐྱོང་དམིགས་ཚད་གཙོ་བོར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་ཀྱི་སྒོ་ནས་སྤེལ་བ་དང་། རང་འགུལ་ངང་བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དང“སྤུན་ཉེ་སྒྲིག་པ” རྒྱུན་རྣམ་ཅན་གྱི་སྒོ་ནས“བོད་ཁྱིམ་དུ་བསྐྱོད་པའི”བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བ། མི་དམངས་མང་ཚོགས་དང་རང་འགུལ་ངང“ཅི་འཕྲོས་མོལ་འཕྲོས”ཤོད་པ་བཅས་དང་དུས་མཚུངས་བཅའ་སྡོད་བྱ་ཡུལ་གྱི་སློབ་མར་སྦྱོང་ཚན་ཟུར་ཁྲིད་བྱེད་པ་དང་གྲོང་ཚོ་དང་ཁྱིམ་ཚང་དུ་སྨན་བཅོས་དང་སྨན་རྫས་སྐྱེལ་བ་སོགས་ཀྱི་རྣམ་པ་བརྒྱུད། མི་དམངས་ཉེན་རྟོག་པའི་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཟབ་ཏུ་བཏང་བ་མ་ཟད། མང་ཚོགས་དང་བརྩེ་བའང་ཟབ་ཏུ་བཏང་ཡོད།
ཉེ་བའི་ལོ་ཤས་རིང་། སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་བཅའ་སྡོད་བྱ་ཡུལ་མང་ཚོགས་ལ་སྒོར་ཁྲི་10ལྷག་ཙམ་རི་བའི་སྨན་བཅོས་དང་སྨན་རྫས་ཐེངས་60ལྷག་ཙམ་བསྐྱལ་བ་དང་བཅའ་སྡོད་བྱ་ཡུལ་མང་ཚོགས་མི་ཐེངས་200ལྷག་ཙམ་ལ་རིན་པ་མི་དགོས་པར་བརྟག་དཔྱད་བྱས་པ་རེད། སྤྱིར་བཏང་གི་བྱ་སྤྱོད་འདི་དག་ལ་མི་རིགས་དབར་གྱི་མཛའ་མཐུན་ཟབ་མོ་འདུས་ཡོད། མང་ཚོགས་བསོད་ནམས་ཀྱིས“མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་ནི་ང་ཚོའི་གཉེན་ཉེ་དང་འདྲ་བར་ང་ཚོའི་བདེ་འཇགས་སྲུང་བ་མ་ཟད། ང་ཚོའི་འཚོ་བར་ཡང་སེམས་ཁུར་བྱེད་ཀྱི་ཡོད་པས་ཁོང་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།
སྐྱིད་གྲོང་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཞབས་ཞུ་ལྟེ་བར་བྱེད་པ་དང་བདེ་བླག་ངང་འགག་སྒྲོལ་ཐུབ་པ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། འགག་སྒོའི་མཉམ་འབྲེལ་ཞིབ་བཤེར་བྱ་ཡུལ་དུ་LEDབརྙན་ཤེལ་བཙུགས་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པ་དང་དེ་བཞིན་མཐའ་མཚམས་མི་སེར་ལ་གནམ་གཤིས་སྔོན་བརྡ་དང་སྐྱིད་རི་གཞུང་ལམ་གྱི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་དུས་ཐོག་ཏུ་མཁོ་འདོན་བྱས་ནས། བཅའ་སྡོད་བྱ་ཡུལ་གྱི་མང་ཚོགས་དང་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་འགྲུལ་པར་ཐོགས་པ་མེད་ལ་མྱུར་བའི་འགག་སྒྲོལ་ཁོར་ཡུག་བསྐྲུན་པ་དང་བཅའ་སྡོད་བྱ་ཡུལ་གྱི་དཔལ་འབྱོར་དར་རྒྱས་དང་བརྟན་ལྷིང་འགན་ལེན་བྱས་པས། བཅའ་སྡོད་བྱ་ཡུལ་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་ཕྱིན་པ་དང་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་ཕྱིན་ཡོད། མང་ཚོགས་བསོད་ནམས་ཀྱིས“མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་བློ་མཐུན་ཚོས་ང་ཚོའི་བདེ་འཇགས་བསྲུངས་པ་མ་ཟད། ད་དུང་ང་ཚོར་དཔལ་འབྱོར་གྱི་ཁོར་ཡུག་བཟང་པོ་ཞིག་བཏོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།