དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་རྒན་རྒོན་བཟའ་བཏུང་ཞབས་ཞུས་ལོ་རེར་ཆ་སྙོམས་རྒན་རྒོན་ཁྲི་10ལ་ཕན་བཏགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-08

    ▶ མཚོ་སྔོན་དུ་གྲོང་ཁྱེར་གྱི་སྡེ་ཁུལ་རྒན་གསོའི་བཟའ་བཏུང་ཞབས་ཞུའི་ས་ཚིགས་217བསྐྲུན་པ་དང་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་སྒོ་ར་538ཀྱིས་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱས་པར་ལོ་རེར་ཆ་སྙོམས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་ལོ་ན་མཐོ་བའི་རྒན་རྒོན་ཁྲི་10ལ་ཕན་བཏགས་ཡོད་པ་རེད།

    ▶ 2025ལོར་མཚོ་སྔོན་ཞིང་ཆེན་གྱིས་སྒོར་ཁྲི་1426བཏང་ནས་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་སྒོ་ར་100བསྐྲུན་ཏེ་བཟའ་བཏུང་ཞབས་ཞུའི་ས་ཚིགས་220ལ་སྒྲིག་ཆས་གསར་པ་བརྗེས་ཡོད།

     གསར་འགོད་པར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། མིག་སྔར། མཚོ་སྔོན་དུ་གྲོང་ཁྱེར་གྱི་སྡེ་ཁུལ་རྒན་གསོའི་བཟའ་བཏུང་ཞབས་ཞུའི་ས་ཚིགས་217བསྐྲུན་ཟིན་པ་དང་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་སྒོ་ར་538ཀྱིས་བཟའ་བཏུང་ཞབས་ཞུ་མཁོ་འདོན་བྱས་པར་ལོ་རེར་ཆ་སྙོམས་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་ལོ་ན་མཐོ་བའི་རྒན་རྒོན་ཁྲི་10ལ་ཕན་བཏགས་ཡོད་པ་རེད།

    མཚོ་སྔོན་གྱིས་རྒན་རྒོན་ཚོགས་སྤྱིའི་བཟའ་བཏུང་དགོས་མཁོར་དམིགས་ནས་བྱེད་ཐབས་གསར་གཏོད་ལ་བརྟེན་ཏེ་བཟའ་བཏུང་ཞབས་ཞུའི་མ་ལག་བཙུགས་ཡོད། གྲོང་ཁྱེར་དུ་ད་ཡོད་ཀྱི་རྒན་གསོའི་སྒྲིག་ཆས་དང་བཟའ་བཏུང་ཚོང་ཁང་ལ་བརྟེན་ནས་བཟའ་བཏུང་ཞབས་ཞུའི་ས་ཚིགས་བཙུགས་པས་ཁྲོམ་གཞུང་དུ་ཐབ་ཚང་ཨ་མ་ཡོད་པ་དང་། སྡེ་ཁུལ་དུ་བདེ་སྐྱིད་ལྡན་པའི་ཟ་ཁང་ཡོད་པ། ཁུལ་ཆུང་དུ་བཟའ་བཏུང་ཞབས་ཞུའི་ས་ཚིགས་ཡོད་པ་བཅས་ཀྱི་འཐུས་སྒོ་ཚང་བའི་དྲ་རྒྱ་གྲུབ་ཡོད། གྲོང་གསེབ་ཏུ་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་སྒོ་ར་བསྐྲུན་ནས་དགོས་མཁོ་ཡོད་པའི་རྒན་རྒོན་ལ་གཅིག་སྡུད་བཟའ་བཏུང་ཞབས་ཞུ་སྒྲུབ་ཀྱི་ཡོད། 2025ལོར་མཚོ་སྔོན་ཞིང་ཆེན་གྱིས་སྒོར་ཁྲི་1426བཏང་ནས་གྲོང་གསེབ་ཀྱི་རོགས་རེས་བདེ་སྐྱིད་སྒོ་ར་100བསྐྲུན་ཏེ་བཟའ་བཏུང་ཞབས་ཞུའི་ས་ཚིགས་220ལ་སྒྲིག་ཆས་གསར་པ་བརྗེས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།