དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སློབ་གྲྭ་བརྒྱའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་གྲོང་ཁྱེར་ཐ་ཧྲི་ཀན་དུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-08

    ཟླ་11ཚེས་2དང་3ཉིན། ཀྲུང་གོ་དང་ཨུ་ཟ་བྷེ་ཁི་སི་ཐན་གྱི་སློབ་གྲྭ་བརྒྱའི་མཉམ་ལས་གླེང་སྟེགས་སྐབས་གཉིས་པ་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་བཙུགས་འཛམ་གླིང་སྐད་ཡིད་སློབ་ཆེན་དུ་གཉེར་བ་དང་། ཀྲུང་གོའི་སློབ་གསོ་པུའི་པུའུ་ཀྲང་ཧའེ་ཅིང་ཕེང་དང་། ཨུ་ཟ་བྷེ་ཁི་སི་ཐན་གྱི་མཐོ་རིམ་སློབ་གསོ་དང་ཚན་རིག་དང་གསར་གཏོད་པུའི་པུའུ་ཀྲང་ཁུང་ཀེ་ལཱ་ཐེ་པའེ•ཧྲ་ལི་པོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཝང་ཅི་ཝེ་སོགས་བྱེད་སྒོར་ཞུགས་པ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

    ཧྲ་ལི་པོ་ཧྥུའུ་ཡིས། ཨུ་ཟ་བྷེ་ཁི་སི་ཐན་དང་ཀྲུང་གོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ནས་སློབ་གསོ་དང་། ཚན་རིག གསར་གཏོད། ལས་རིགས་གསོ་སྦྱོང་། སྐད་ཡིག་སློབ་ཁྲིད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་རྨང་གཞི་གལ་ཆེན་དུ་གྱུར་ཡོད། འབྱུང་འགྱུར། ཨུ་ཟ་བྷེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་ནས་དབུལ་པོ་ཉུང་གཏོང་དང་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མཐོ་རིམ་སློབ་གསོ་དང་ཚན་རིག་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་སྔར་བས་རྒྱ་ཆེར་གཏོང་གི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།