དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.9ཟིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.9ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ནས་རྒྱ་མཚོའི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་མངོན་ཡོད།

    རང་བྱུང་ཐོན་ཁུངས་པུས་ཟླ་11ཚེས་3ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་ཁུངས་མཁོ་སྤྲོད་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། རྒྱལ་ཡོངས་སུ་མཚོ་སྤྱོད་དང་གླིང་སྤྱོད་ལ་ཆོག་མཆན་སྤྲད་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་26.2ཟིན་པ་དེ་དུས་མཚུངས་ལས་19.2%འཕར་བ་དང་། རྣམ་གྲངས་དང་འབྲེལ་བ་ཡོད་པའི་མ་འཇོག་དངུལ་འབོར་སྒོར་དུང་ཕྱུར་6419ཟིན་ཡོད་པ་རེད།

    རྒྱ་མཚོའི་སྲོལ་རྒྱུན་ཐོན་ལས་གཙོ་བོ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་ཕྱིན་ཞིང་། རྒྱ་མཚོའི་མ་བཅོས་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཐོན་ཚད་དུས་མཚུངས་ལས་3.0%དང་17.7%སོ་སོར་འཕར་བ་དང་། རྒྱ་མཚོའི་ཆུའི་ཐོན་རྫས་ཀྱི་ཐོན་འབབ་དུས་མཚུངས་ལས་4.8%འཕར་ཡོད། རྒྱ་མཚོའི་གྲུ་གཟིངས་ཀྱི་མངགས་ཐོ་གསར་པ་དང་ལེན་བྱེད་ཚད་དང་། ལས་མཇུག་འགྲིལ་ཚད། ལག་ཡོད་མངགས་ཐོ་བཅས་མུ་མཐུད་གོ་ལ་ཧྲིལ་པོའི་སྔོན་ཐོན་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    རྒྱ་མཚོའི་གསར་དར་ཐོན་ལས་འཕེལ་རྒྱས་མགྱོགས་པོ་ཕྱིན་ཞིང་། མཚོ་ཐོག་རླུང་གློག་གི་དྲ་སྦྲེལ་ཤོང་ཚད་གསར་དུ་འཕར་བ་དུས་མཚུངས་ལས་42.1%འཕར་བ་དང་། རྒྱ་མཚོའི་ལས་གྲྭའི་སྒྲིག་ཆས་རྩིས་སྤྲོད་དང་ལག་ཡོད་མངགས་ཐོའི་དངུལ་འབོར་དུས་མཚུངས་ལས་13.6%དང་7.0%སོ་སོར་འཕར་བ། རྒྱ་མཚོའི་སྨན་རྫས་དང་སྐྱེ་དངོས་ཀྱི་ཞིབ་འཇུག་གསར་སྤེལ་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ། རང་བདག་གི་ཤེས་རིག་བདག་དབང་ལྡན་པའི་LY104སྨན་ཁབ་ལ་དངོས་སུ་ནད་ཐོག་ཚོད་ལྟའི་ཆོག་མཆན་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།