དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྐབས་སོ་ལྔ་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-11-08

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་སོ་ལྔ་པའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དཔྱད་འདེམས་བྱས་འབྲས་ཚེས་5ཉིན་ཁྱབ་བསྒྲགས་བྱས་ཤིང་། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱི་བརྩམས་ཆོས་377ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པ་དང་། དེའི་ནང་དམིགས་བསལ་བྱ་དགའ་4དང་། བྱ་དགའ་རིམ་པ་དང་པོ་74 རིམ་པ་གཉིས་པ་113 རིམ་པ་གསུམ་པ་186བཅས་ཡོད་པ་རེད།

    ཐེངས་འདིའི་དཔྱད་འདེམས་ཁྲོད། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ《འགག་རྩའི་དུས་སྐབས་ལ་གཞི་ཚུགས་ནས་མཆོག་ནོར་གལ་ཆེན་བེད་སྤྱོད་ཡག་པོ་བྱེད་དགོས》དང་། ཤིན་ཧྭ་གསར་འགྱུར་ཁང་གི་རྒྱས་འཕྲིན《འགག་རྩའི་དུས་སྐབས་ཀྱི་འགག་རྩའི་གདམ་ག—བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོའི་དཔལ་འབྱོར་ལ་ཁ་བསྒྱུར་ཕྱོགས་སྟོན་གནང་ནས་མདུན་སྐྱོད་བྱེད་པ》 ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགྱུར《ཟླ་བའི་ལྷ་མོ་ཨང་དྲུག་པས་འཛམ་གླིང་ཐོག་ཟླ་བའི་གོ་ལའི་རྒྱབ་ངོས་ནས་མ་དཔེ་ཐེངས་དང་པོར་བླངས་པ་དང་འཕུར་སྐྱོད་བྱས་པ》 བཅིངས་འགྲོལ་དམག་གསར་འགྱུར་ཁྱབ་སྤེལ་ལྟེ་གནས་ཀྱི་བརྗོད་དོན་གཙོ་བོ་གལ་ཆེན་གྱི་འཕྲིན་སྤེལ《〈དམག་དཔུང་སྟོབས་ཆེར་གཏོང་བའི་ལམ་བུ·ལོ་བརྒྱར་ཕྱོགས་པའི〉རིམ་སྤེལ་བརྙན་ཐུང》བཅས་བརྩམས་ཆོས་བཞི་ལ་དམིགས་བསལ་བྱ་དགའ་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།