དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལོ་ལྔ་ཚན་བཅུ་བཞི་པའི”རིང་།

    ཡུན་ནན་གྱི་ནགས་གསེབ་དཔལ་འབྱོར་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1934ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-08

    གསར་འགོད་པས་ཡུན་ནན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱས་པར།“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཡུན་ནན་གྱིས་ནགས་ཚལ་དང་རྩྭ་ཐང་གི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བས། ནགས་གསེབ་དཔལ་འབྱོར་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་1934ཟིན་ཡོད། 2024ལོར་ཞིང་ཆེན་ཡོངས་ཀྱི་ནགས་རྩྭ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་5626.5ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་གི་སྒོར་དུང་ཕྱུར་2771ལས་ལྡབ་འཕར་བྱུང་ཡོད།

    ནགས་གསེབ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་ལྟར་ན། ཡུན་ནན་གྱིས་ཐོན་ཁུངས་ཀྱི་སྲིད་ཇུས་ལེགས་སུ་བཏང་ནས་ནགས་གསེབ་དཔལ་འབྱོར་གྱི་བེད་སྤྱོད་ཆོག་པའི་ནགས་སའི་ཐོན་ཁུངས་མཐིལ་རྟོགས་ཞིབ་བཤེར་གཏིང་ཟབ་བྱས་ཏེ། བེད་སྤྱོད་གང་ལེགས་དང་བེད་སྤྱོད་ཚོད་འཛིན་བྱེད་ཆོག་པའི་ནགས་སའི་རྒྱ་ཁྱོན་བསྡོམས་མུའུ་དུང་ཕྱུར་3.1དོན་འཁྱོལ་བྱས་པ་རེད། ནགས་ཚལ་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་གི་མཛུབ་ཁྲིད་བསམ་འཆར་དང་ནགས་ཚལ་ཤིང་གཅོད་ལག་རྩལ་སྒྲིག་སྲོལ་སོགས་བཟོས་པ་བརྒྱུད། ཚོང་སྒྱུར་ནགས་ཚལ་དང་སྤྱི་ཕན་ནགས་ཚལ་སོགས་ནགས་ས་བེད་སྤྱོད་ཀྱི་བླང་བྱ་ཁ་གསལ་བཟོས་ནས་ནགས་ཚལ་གསོ་སྐྱོང་བྱས་རྗེས་ཀྱི་ཁེབས་ཚད་ཆེ་ཤོས་0.5བར་ཆེ་རུ་བཏང་སྟེ། ནགས་སའི་ཐོན་ཁུངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱས་ཡོད། ནོར་ཁྲལ་སྲིད་ཇུས་བསྡུ་སྒྲིལ་བྱས་ནས་སྒོར་དུང་ཕྱུར་23.9བཏང་སྟེ་ནགས་ཚལ་གསོ་སྐྱོང་མུའུ་ཁྲི་766བྱས་ཡོད། ཚན་རྩལ་གྱི་འདེགས་སྐྱོར་ནུས་པ་ཤུགས་ཆེ་རུ་བཏང་ནས་ནགས་གསེབ་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་བཙུགས་པ་དང་། ཀྲུང་ལུགས་སྨན་རྫས་འདེབས་གསོ་དང་རི་སྐྱེས་ཤ་མོ་གསོ་སྤེལ་སོགས་ཚན་རྩལ་ཁྱབ་སྤེལ་རྣམ་གྲངས་ལ་སྐུལ་འདེད་བཏང་ནས་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།