རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ།
གསར་འགོད་པར་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ནས་ཤེས་རྟོགས་བྱུང་བར། ཚེས་4ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཁབ་དེ་འཇགས་ཨུ་ལྷན་གཞུང་དོན་ཁང་དང་། འཕྲལ་སྡོམ་དོ་དམ་པུའུ། རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་བཅས་ཀྱིས་པེ་ཅིང་དུ་2025ལོའི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད། ད་ལོའི་ཟླ་11ཚེས་9ཉིན་ནི་རྒྱལ་ཡོངས་ཀྱི་མེ་ཟོན་ཉིན་མོ་ཐེངས་34པ་ཡིན་པ་དང་། ཟླ་11པ་ནི་རྒྱལ་ཡོངས་ཀྱི་མེ་ཟོན་དྲིལ་བསྒྲགས་ཟླ་བ་ཡིན་ཞིང་། བརྗོད་དོན་གཙོ་བོ་ནི“དམངས་ཡོངས་ཀྱིས་མེ་ཟོན་དང་། ཚེ་སྲོག་གོང་བཀུར་གྱིས། བདེ་འཇགས་ལྡན་པའི་སྒོ་ནས་མེ་དང་གློག་བེད་སྤྱོད་བྱེད”ཅེས་པ་དེ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། བྱེད་སྒོ་སྤེལ་རིང་ཨར་སྐྲུན་མེ་འབྲེལ་ལས་སྒྲུབ་དང་། གྲོང་མིའི་འཚོ་བའི་མེ་སྤྱོད། གློག་རླངས་མེ་ཟོན་བདེ་འཇགས། གློག་སྒུལ་སྦག་སྦག་གི་གློག་གསོག་སོགས་ཀྱི་བདེ་འཇགས་གནད་དོན་ལ་དམིགས་ནས་མེ་སྐྱོན་གྱི་གྱོད་དཔེ་དྲངས་ཏེ། རྒྱ་ཆེའི་མང་ཚོགས་ལ་གྱོད་དཔེ་དཔྱད་གཞིར་འཛིན་པ་དང་ཉེན་བརྡ་རྒྱུན་སྒྲོག་གིས་མེ་ཟོན་བདེ་འཇགས་ཀྱི་སྔོན་འགོག་བྱ་ཐབས་རང་འགུལ་ངང་དོན་འཁྱོལ་བྱེད་དགོས་པའི་སློབ་གསོ་རྒྱག་པ་དང་། གཞི་བརྟེན་སྣ་ཚོགས་གང་ལེགས་སྤྱད་དེ་མེ་ཟོན་བདེ་འཇགས་ཤེས་བྱ་དྲིལ་བསྒྲགས་རྒྱ་ཁྱབ་དང་མེ་ཟོན་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་རྟེན་གཞི་སོགས་ཀྱི་སྒོ་མོ་ཕྱེ་ནས་འཐབ་ས་དང་པོའི་མི་སྣར་མེ་ཟོན་གྱི་གཞི་རྩའི་རྩལ་ནུས་བཀོལ་སྤྱོད་དང་གསོ་སྦྱོང་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་རྒྱུ། “མངོན་ཞིབ་ལྐོག་བཤེར་དང་སྨྱན་སྦྱོར་ནས་དམར་འདོན”གྱི་ལས་ཀའི་ལམ་སྲོལ་ཡག་པོ་སྤྱད་དེ་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གལ་ཆེན་དང་ཁྲིམས་འགལ་བྱེད་སྤྱོད་དུས་ཐོག་ཏུ་དམར་འདོན་བྱས་ནས། ཚན་པའི་ལས་བཟོའི་ནང་ཁུལ་གྱི་སྙན་ཞུ་དང་སྤྱི་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་སོགས་ཤར་བགྲོད་ཐུབ་པར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།