ཧྲའན་ཤིས་ཡུས་ལིན་གྱིས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་བཏང་ནས་ཡོང་འབབ་བཏོད་པ།

ཉེ་ཆར། ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་ཀུ་ཤུ་བསྡུ་བའི་དུས་བཟང་ཤར་ནས་འབྲས་ཤིང་ལྡུམ་རར་ལས་བྲེལ་གྱི་རྣམ་པས་ཁེངས་ཡོད། ལོ་བཅུ་ཕྲག་ཁ་ཤས་རིང་། ཡུས་ལིན་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་མཐའ་འཁྱོངས་བྱས་པས་སྔོ་ལྗང་ས་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་པ་དང་། རྒྱུན་མཐུད་ལེགས་སུ་ཕྱིན་པའི་རང་བྱུང་ཁོར་ཡུག་གིས་ཡུས་ལིན་གྱི་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ལ་སྐྱེ་ཁམས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། 2025ལོར། ཡུས་ལིན་རི་ཁུལ་གྱི་ཀུ་ཤུ་འདེབས་ཁྱོན་མུའུ་ཁྲི་116ཟིན་ནས། ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་མཉམ་དུ་འགྲོ་བའི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆགས་ཡོད་པ་རེད། འདི་ནི་ཉེ་ཆར་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་ཧེང་ཧྲན་ཆུས་ཀྲའོ་ཧྲི་ཕན་གྲོང་རྡལ་གྱི་ཤིང་འབྲས་ལྡུམ་ར་ཞིག་ཏུ་ཤིང་འབྲས་འདེབས་མཁན་གྱིས་ཀུ་ཤུ་འཐུ་བཞིན་པ།
འབྲེལ་ཡོད་གསར་འགྱུར།