དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ཁག་བཅུ་གཅིག་པའི་འོས་འགུཌ་གསལ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-08

    ཉེ་ཆར། རྒྱལ་ཁབ་ཀྱིས་སྒྲིག་འཛུགས་བྱས་པའི་སྨན་རྫས་གཅིག་སྡུད་འབོར་བཅད་ཉོ་སྒྲུབ་ཁག་བཅུ་གཅིག་པའི་འབྲས་བུ་ཡོངས་བསྒྲགས་བྱས་ཡོད། ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་ནང་གཉན་ཚད་འགོག་པ་དང་། སྨན་ལོག་འགོག་པ། སྐྲན་ནད་འགོག་པ། ཁྲག་མངར་གཅོག་པ། ཁྲག་ཤེད་གཅོག་པ། ཁྲག་ཚིལ་གཅོག་པ། གཉན་ཚད་དང་ན་ཟུག་གཅོག་པ་སོགས་ཁྱབ་ཁོངས་ཀྱི་རྒྱུན་སྤྱོད་སྨན་རྫས་ཚུད་པའི་སྨན་རྫས་རིགས་55བཅུག་པ་དང་། རྒྱལ་ཡོངས་སུ་སྨན་རྫས་སྒྲིག་གཞི་ཁྲི་4.6གྲངས་འབོར་སྙན་སེང་ནང་ཞུགས་པ། ཁེ་ལས་445ཡི་ཐོན་རྫས་749འོས་སྤྲོད་ནང་ཞུགས་པ་དང་དེའི་ཁྲོད་ཀྱི་ཁེ་ལས་272ཀྱི་ཐོན་རྫས་453ལ་བདམས་ཐོན་གྱི་ཐོབ་ཐང་རག་ཡོད།

    ད་ཐེངས་ཀྱི་གཅིག་སྡུད་ཉོ་སྒྲུབ་ལས་དོན་སྤེལ་རིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱུན་ལས་ཚོགས་འདུའི་ཐོག་བཏོན་པའི“གཅིག་སྡུད་ཉོ་སྒྲུབ་ལས་དོན་ཚད་ལྡན་ཅན་དང་། ལམ་ལུགས་ཅན། རྒྱུན་རྣམ་ཅན་བཅས་ཀྱི་སྒོ་ནས་སྤེལ་རྒྱུར་སྐུལ་འདེད་གཏོང་བའི”ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས། “ནད་ཐོག་སྨན་བཅོས་བརྟན་པོ་ཡོང་བ་དང་། སྤུས་ཚད་འགན་ལེན་བྱེད་པ། ནང་རྨུག་འགོག་པ། ཚོ་མཐུན་འོས་དཔོད་འགོག་པ”བཅས་ཀྱི་སྔོན་དཔག་དམིགས་ཚད་སྤྱིར་ན་མངོན་འགྱུར་བྱུང་ཡོད།

    གཅིག་ནས་བདམས་པའི་ཐོན་རྫས་དང་སྨན་བཅོས་སྒྲིག་གཞིའི་དགོས་མཁོ་དེ་བས་སྙོམས་སྒྲིག་ཐུབ་སྟེ་ནད་ཐོག་སྨན་བཅོས་བརྟན་པོ་ཡོང་བར་ཤུགས་སྣོན་བརྒྱབ་པ་དང་། གཉིས་ནས་འོས་སྤྲོད་ཁེ་ལས་ཀྱི་འོས་ཐོབ་ཆ་རྐྱེན་མཐོ་རུ་བཏང་ནས་སྤུས་ཚད་འགན་ལེན་ལ་སྐུལ་འདེད་བཏང་ཡོད། འོས་སྤྲོད་ཁེ་ལས་ལ་རིགས་གཅིག་མཚུངས་ཀྱི་སྨན་རྫས་ཐོན་སྐྱེད་ཀྱི་ཉམས་མྱོང་ལྡན་དགོས་པ་དང་ཆབས་ཅིག འོས་སྤྲོད་སྨན་རྫས་གནས་སའི་བཟོ་འཁོར་ལ་ལོ་2ནང་ཚུན་དུ་སྨན་རྫས་ཐོན་སྐྱེད་ཀྱི་སྤུས་ཚད་དོ་དམ་ཚད་གཞི་ལས་འགལ་བ་སོགས་ཀྱི་གནས་ཚུལ་མེད་པའི་བླང་བྱ་བཏོན་པ་དང་། རྗེས་སུ་སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་བདམས་པའི་ཐོན་རྫས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་ཡང་བྱེད་རྒྱུ་རེད། གསུམ་ནས་ཁེ་ལས་ཀྱིས་དཔྱོད་ཤེས་ངང་རིན་གོང་གཏན་འཁེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་དར་ཆ་གསལ་སྟོན་གྱིས་ནང་རྨུག་སྔོན་འགོག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།