དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཀོང་པོ་རྒྱ་མདའ་རྫོང་གིས།

    རྫོང་ཁོངས་དང་ཤང་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོའི་དུས་ཐོག་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-08

    ཉེ་བའི་ལོ་ཤས་རིང་། ཀོང་པོ་རྒྱ་མདའ་རྫོང་གིས་འཐུང་ཆུའི་ཆུ་འགོར་སྲུང་སྐྱོང་བྱེད་པ་དེ་ཐོག་མཐའ་བར་གསུམ་དུ་དམངས་འཚོའི་ལས་གྲྭ་གལ་ཆེན་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལྟེ་བའི་ལས་འགན་དུ་བརྩིས་ཏེ། རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་9རུ་རིག་ནུས་ཅན་གྱི་ཞིབ་དཔྱད་ཚད་ལེན་མ་ལག་བཙུགས་པ་བརྒྱུད། ལྗོངས་ཡོངས་ཀྱི་རྫོང་ཁོངས་དང་ཤང་དང་གྲོང་རྡལ་གྱི་འཐུང་ཆུའི་ཆུ་འགོར་དུས་ཐོག་ལྟ་ཞིབ་ཚད་ལེན་ཡོངས་སུ་ཁྱབ་པར་བྱས་ཏེ། མང་ཚོགས་ཀྱི་འཐུང་ཆུ་བདེ་འཇགས་དང་བློ་བདེ་ཡོང་བའི་འགན་ལེན་ཏན་ཏིག་བྱས་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་ཀྱི་འཐུང་ཆུའི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཉིན་བཞིན་ཤུགས་ཆེར་ཕྱིན་པ་དང་བསྟུན་ནས། སྲོལ་རྒྱུན་གྱི་མི་ཐབས་ཀྱིས་མ་དཔེ་ལེན་པར་ལས་ཆོད་དམའ་བ་དང་གྲངས་གཞི་རྗེས་ལུས་སོགས་ཀྱི་གནད་དོན་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། དེར་བརྟེན་ཀོང་པོ་རྒྱ་མདའ་རྫོང་གིས་འཁོར་སྐྱོད་ཀྱི་རིག་ནུས་ཞིབ་དཔྱད་ཚད་ལེན་མ་ལག་ཆ་ཚང་ཞིག་བསྐྲུན་ནས་ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་དང་དོ་དམ་གྱི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཆེས་ཆེར་བཏང་ཡོད།

    ཚན་རྩལ་ལ་བརྟེན་ནས་སྔོན་འགོག་དང་ཚོད་འཛིན་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་སྲོལ་རྒྱུན་གྱི་མི་ཐབས་ཀྱི་འགོག་ཟོན་ལའང་མུ་མཐུད་ཤུགས་སྣོན་བརྒྱབ་ཡོད། ལས་དོན་པས་དུས་བཀག་ལྟར་སྐོར་ཞིབ་བྱས་ནས་ཐོལ་བྱུང་གནས་ཚུལ་མགྱོགས་མྱུར་ཐག་གཅོད་ནུས་ལྡན་ཐུབ་པའི་འགན་ལེན་བྱས་ཡོད། “ང་ཚོའི་ལས་དོན་པས་འཆར་གཞི་ལྟར་ཆུ་ལེན་ས་དང་། བཟོ་ཁུལ་གྱི་སྒྲིག་ཆས། མདོང་དྲ། ཆུ་འགོ་བཅས་ཀྱི་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ལ་སྐོར་ཞིབ་དང་ཉམས་གསོ་བྱས་ནས། གནད་དོན་ཐོན་མ་ཐག་ནས་སེལ་བ་དང་། འཕྲལ་སྡོམ་མྱུར་བཟོ་དཔུང་ཁག་དང་དངོས་རྫས་ཀྱང་བཀོད་སྒྲིག་བྱས་ཡོད། གལ་ཏེ་ཐོལ་བྱུང་གནས་ཚུལ་ཐོན་ཚེ་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་དུས་ཐོག་ཏུ་ཐག་གཅོད་བྱས་ནས་གང་མགྱོགས་ཆུ་མཁོ་འདོན་ཐུབ་པ་བྱེད་ཀྱི་ཡོད”ཅེས་ཀོང་པོ་རྒྱ་མདའ་རྫོང་ཆུ་ཀ་ལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ལིའུ་ཅ་ཡིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།