ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས།
“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།

འདི་ནི་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་ཁྲིམས་ལུགས་ཤེས་བྱ་གསལ་འགྲེལ་བྱེད་བཞིན་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ་མང་ཚོགས་ལ་གསོན་ཉམས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཞིག་སྤེལ་ནས། ཏང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་པར་མང་ཚོགས་མང་པོ་ཞུགས་པའི་ཡིད་དབང་བཀུག་ཡོད།
བྱེད་སྒོ་སྤེལ་ཡུལ་དུ་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དྲ་ཐོག་དང་དྲ་ཕྱི་གཉིས་ཀར་སྤྲོ་སྣང་ལྡན་པའི་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལན་འདེབས་པ་དང་བྱ་དགའ་སྤྲོད་པའི་ལྷུ་ཚིགས་དམིགས་སུ་བཀར་ནས་བཀོད་སྒྲིག་བྱས་པ་དང་། ནང་དོན་དུ་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཚུད་ཡོད། མི་རིགས་ཁག་གི་མང་ཚོགས་ཚོས་རྟགས་བཤེར་ལན་འདེབས་དང་། ཡིག་ཐོག་ལན་འདེབས། “མྱུར་དྲིས་མྱུར་འདེབས”སོགས་ཀྱི་རྣམ་པའི་ཐོག་ནས་ལན་འདེབས་བྱེད་སྒོར་ཞུགས་ཡོད། དྲི་བར་ལན་བཏབ་རྗེས་སྐར་མ་མང་ཉུང་ལ་གཞིགས་ནས་ས་གནས་ས་ཐོག་ཏུ་བྱ་དགའི་དངུལ་སྤྲད་པས། མི་རིགས་ཁག་གི་མང་ཚོགས་དེའི་ནང་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད། མང་ཚོགས་ལ་ལས་ལག་ཐོགས་ཁ་པར་གྱིས་རྩ་གཉིས་ཨང་རྟགས་བཤེར་ཏེ་དྲི་བར་ལན་བཏབ་པ་དང་། ལ་ལས་མི་དམངས་ཉེན་རྟོག་པའི་ལག་ཐོག་ཏུ་ཡོད་པའི་དྲི་ཤོག་ལ་ལན་གཟབ་ནན་བཏབ་པ། ཡང་ལ་ལས་མི་དམངས་ཉེན་རྟོག་པས་བཏོན་པའི་དྲི་བ་བློ་རྩེ་གཅིག་སྒྲིམ་གྱིས་ཉན་ནས་མྱུར་དུ་ལན་བཏབ་པས། བག་ཕེབས་དང་སྤྲོ་སྣང་གི་ཁོར་ཡུག་ཁྲོད་ཏང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཀྱི་ཤེས་བྱ་སློབ་སྦྱོང་བྱས་པ་རེད།
བྱེད་སྒོར་ཞུགས་མཁན་མང་ཚོགས་ཚོས། ཐེངས་འདིའི་བྱེད་སྒོ་བརྒྱུད་ཚང་མས་ཏང་གི་མི་རིགས་སྲིད་ཇུས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བར་སྔར་བས་ངོས་འཛིན་ཐུབ་ནས་མི་རིགས་ཁག་དབར་གྱི་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་སྤྱོད། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་འབྲེལ་བ་ཟབ་མོ་ཤེས་རྟོགས་གཏིང་ཟབ་བྱུང་བ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ཡང་སྔར་བས་གསལ་པོར་ཤེས་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
འབྲེལ་ཡོད་གསར་འགྱུར།