དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དུས་སྟོན་འཁྲུག་ཆ་དོད། མཉམ་འདྲེས་གསོན་ཤུགས་འཕེལ།

    —— 2025ལོའི་མལ་གྲོ་གུང་དཀར་གྱི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-08

    འདི་ནི་གར་སྟེགས་ཟློས་གར་ཆེ་གྲས《མལ་གྲོའི་གྱེར་དབྱངས》ཞེས་པ་འཁྲབ་བཞིན་པ།

    འདི་ནི་མོ་ཐྲོལ་གྱིས་2025ལོའི་མལ་གྲོ་གུང་དཀར་གྱི“མཛེས་པའི་རྒྱན་གོས། བོད་ཆས་ཀྱི་གསོན་ཤུགས་གསར་པ”ཞེས་པའི་འགྲེམས་སྤེལ་ཚོགས་འདུའི་ཐོག་མལ་གྲོའི་གྱོན་ཆས་ངོམ་སྟོན་བྱེད་བཞིན་པ།

    འདི་ནི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་ཐོག་མ“གངས་ལྗོངས་ཀྱི་མུ་ཏིག ལྷ་མོ་ཡི་ཉམས་འགྱུར”ཞེས་པའི་ལྷ་མོའི་ཆེད་དོན་འཁྲབ་སྟོན་བྱེད་བཞིན་པ།

    འདི་ནི་ཐང་སྐྱ་ཤང་གྲོག་ཕུ་གྲོང་ཚོའི་རིག་རྩལ་རུ་ཁག་གིས《གཡུ་ལོ་སྒྲོལ་མ》ཞེས་པའི་གླུ་གར་འཁྲབ་བཞིན་པ།

    འདི་ནི་རིག་གནས་ཡུལ་སྐོར་དུས་ཆེན་རིང་སྲོལ་རྒྱུན་གྱི་ཐག་འཐེན་འགྲན་བསྡུར་བྱེད་བཞིན་པ།

    འདི་ནི་གར་སྟེགས་ཟློས་གར་ཆེ་གྲས《མལ་གྲོའི་གྱེར་དབྱངས》ཞེས་པ་འཁྲབ་བཞིན་པ།

    འདི་ནི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་གཡག་རྒྱུག་འགྲན་བསྡུར་བྱ་ཡུལ་ཡིན་པ།

    འདི་ནི“གློག་རླབས་མཉམ་བེར། མལ་གྲོའི་སྟངས་སྟབས”ཞེས་པའི་རོལ་དབྱངས་དུས་ཆེན་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    ཉེ་ཆར། “མལ་གྲོའི་ལེའུ་གསར་པ། ལོ་ངོ་དྲུག་ཅུའི་བསྟོད་གླུ”ཞེས་བརྗོད་དོན་གཙོ་བོར་བྱས་པའི་2025ལོའི་མལ་གྲོ་གུང་དཀར་གྱི“སྲོང་བཙན”རིག་གནས་ཡུལ་སྐོར་དུས་ཆེན་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་གྱི་བདེ་སྐྱིད་གླིང་དུ་འགོ་ཚུགས་པ་རེད།

    ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕུལ་བའི་ཕྱག་རྟགས་ཤིག་ཡིན་ལ། རྫོང་དེས“རིག་གནས་ཡུལ་སྐོར་དང་ལས་རིགས་མང་པོ་ཟུང་དུ་འབྲེལ་རྒྱུ”དམ་འཛིན་བྱ་གཞིར་བྱས་ཏེ་རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་རེད།

    བོད་ཀྱི་ཤེས་རིག་གི་འབྱུང་གནས་གལ་ཆེན་ཞིག་ཡིན་པའི་མལ་གྲོ་གུང་དཀར་རྫོང་གིས་ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་འབྲེལ་ཐག་ཏུ་བྱས་ཏེ། སྲོལ་རྒྱུན་དང་དེང་རབས་ཀྱི་དར་སོ་མཉམ་འདྲེས་གཏིང་ཟབ་ཀྱིས་ལྷ་མོ་དང་སྒོར་གཞས་སོགས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་མངོན་པར་བྱས་ཏེ་ལོ་ངོ་སྟོང་གི་རིག་གནས་མཐོང་ཆོས་སུ་འགྱུར་བར་བྱས་པ་མ་ཟད། གློག་རྡུལ་རོལ་དབྱངས་སྤྲོ་ཚོགས་དང་ཆེམ་འོད་མཚན་རྒྱུག་སོགས་དར་སོ་ཆེ་བའི་གཞི་རྒྱུ་གསར་གཏོད་མཉམ་འདྲེས་ཀྱིས་དར་སོར་བརྟེན་ནས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པའང་བསྣན་པས། རིག་གནས་རྒྱུན་འཛིན་ཐུབ་ཡོད་ལ། ལོ་ཚོད་ཡོངས་ཀྱི་མི་ཚོགས་ཚང་མར་དེ་བས་ཀྱང་ཁྱབ་ནས་ཀུན་གྱི་དགའ་བསུ་ཐོབ་ཡོད།

    ད་ཐེངས་ཀྱི་རིག་གནས་ཡུལ་སྐོར་དུས་ཆེན་རིང་ཐོག་མཐའ་བར་གསུམ་དུ“བྱེད་སྒོར་ཞུགས་མཁན་གྱི་ཉམས་ལེན”ལྟེ་བར་བཟུང་ནས་སྲོལ་རྒྱུན་རིག་གནས་ཡུལ་སྐོར་བྱེད་སྒོའི“ཁྱེད་ཀྱིས་འཁྲབ་པ་དང་ང་ཡིས་ལྟ་བའི”ཕྱོགས་རྐྱང་པའི་རྣམ་པར་འགྱུར་ལྡོག་བཏང་ཡོད། དབྱིངས་ཞུགས་རྣམ་པའི་ཇུས་འགོད་ལ་བརྟེན་ནས་ལྟད་མོ་ལྟ་བ་དང་དངོས་སུ་ཞུགས་པ་ཟུང་འབྲེལ་གཏིང་ཟབ་བྱེད་པ་དང་། བྱེད་སྒོར་ཞུགས་མཁན་རྣམས“ཟུར་ནས་ལྟ་མཁན”ནས“ཉམས་ལེན་བྱེད་མཁན”ལ་འགྱུར་བར་བྱས་ཏེ། མཉམ་འགུལ་ཁྲོད་བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དངོས་སུ་ཚོར་ཐུབ་པ་བྱས་ཡོད། རིག་གནས་ཁྱབ་སྤེལ་ཕུད་བྱེད་སྒོ་སྤེལ་རིང་ད་དུང་ས་གནས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཐོན་ལས་ལས་སྟེགས་བཏོད་དེ། གླུ་གཞས་ལ་བརྟེན་ནས“མལ་གྲོའི་ཐོས་ཚོར་གྱི་མིང་བྱང”བཏོད་པ་མ་ཟད་ད་དུང“གཟི་སྦུག་འབྲི་གཡག”སོགས་ཁྱད་ལྡན་ཞིང་འབྲོག་ལས་དང་དེ་བཞིན་ས་གནས་ཀྱི་ཞིམ་ཟས་ཐོན་ལས་གཙོ་གནད་ཐོག་བཏོད་དེ་འཁོར་འབྲེལ་ཧྲིལ་པོའི་འཛད་སྤྱོད་ལ་སྐུལ་ཁྲིད་ནུས་ལྡན་བྱས་པས“རིག་གནས་ལ་བརྟེན་ནས་སྐུ་མགྲོན་འགུགས་པ་དང་། ཉམས་ལེན་ལ་བརྟེན་ནས་སྐུ་མགྲོན་གནས་ཐུབ་པ། ཐོན་ལས་ལ་བརྟེན་ནས་ཡོང་འབབ་འཕར་བ”བཅས་དུས་ཆེན་གཅིག་ལ་བརྟེན་ནས་ལས་རིགས་མང་པོ་དར་འཕེལ་ཡོང་བའི་ཕན་ནུས་ལྡབ་འགྱུར་ཐོན་ཡོད།

    ཡུལ་སྐོར་དུས་ཆེན་སྤེལ་ཡུལ་དུ། མལ་གྲོའི་སྣམ་ཞྭ་འབྲི་གུང་སྲོལ་རྒྱུན་ཆེད་ལས་འཚེམ་བཟོ་ལས་སྣོན་མཉམ་ལས་ཁང་གི་ཕྱིར་ཚོང་འགན་འཁུར་བ་བསོད་ནམས་དོན་གྲུབ་ཀྱིས་འཁྱེར་བའི་མཉམ་ལས་ཁང་གི་ཐོན་རྫས་བྲིན་ཁ་རྒྱུག་པོ་ཡོད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་ལས་མལ་གྲོ་གུང་དཀར་རྫོང་གི་རིག་གནས་ཡུལ་སྐོར་ལ་གསོན་ཤུགས་འཕེལ་བ་མ་ཟད། རིག་གནས་དང་། ཡུལ་སྐོར། ལུས་རྩལ། ཞིང་ལས། ཚོང་དོན་སོགས་ཀྱི་ཐོན་ལས་མཚམས་སྒྲོལ་མཉམ་འདྲེས་ལ་དེ་བས་སྐུལ་འདེད་ཐེབས་ཏེ“རིག་གནས་ལ་བརྟེན་ནས་ཡུལ་སྐོར་རྫོང་གྲོང་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མངོན་པ། རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཐོན་ལས་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་ཐབས་ལམ་བཟང་པོ་སྔར་བས་ཁ་གསལ་དུ་ཕྱིན་ཏེ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།