གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་མཚན་མོའི་ཡུལ་སྐོར་རྣམ་གྲངས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ།
ཉེ་ཆར། གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་དབྱིངས་ཞུགས་རྣམ་པའི་མཚན་མོའི་ཡུལ་སྐོར་རྣམ་གྲངས་ཏེ“བརྩེ་བས་ཕྱུག་པའི་ལྷ་ས་སྐྱིད་ཆུ”(ཆུ་ཐོག་གླིང་ག)དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ནས་གྲོང་མི་དང་ཡུལ་སྐོར་བར་ལྷ་སའི་མཚན་མོའི་ཡུལ་ལྗོངས་ལ་དབྱིངས་ཞུགས་ཉམས་ལེན་བྱེད་པར་གདམ་ག་གསར་པ་ཞིག་མཁོ་འདོན་བྱས་ཡོད་པ་རེད།
2025ལོའི་ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་དུ་བཏོད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་ཤིག་ཡིན་པའི་ངོས་ནས“བརྩེ་བས་ཕྱུག་པའི་ལྷ་ས་སྐྱིད་ཆུའི”རྣམ་གྲངས་ཀྱིས་ལྷ་ས་གྲོང་ཁྱེར་མཐའ་འཁོར་གྱི་མཛེས་སྡུག་ལྡན་པའི་རི་ཆུའི་ཁོར་ཡུག་ལ་བརྟེན་ནས་ཡུལ་སྐོར་གྲུ་གཟིངས་དང་།བཟའ་བཏུང་། འཁྲབ་སྟོན་དང་སྒྲ་འོད་གློག་གསུམ་མཉམ་འདྲེས་ཀྱི་ལག་རྩལ་གསར་གཏོད་བྱས་ཤིང་། དེའི་དམིགས་ཡུལ་ནི་སྤྲོ་གསེང་ལྟ་སྐོར་དང་མཉམ་འགུལ་ཉམས་ལེན་གཞི་གཅིག་ཏུ་འདུས་པའི་མཉམ་སྤྱོད་རིག་གནས་ཡུལ་སྐོར་བྱ་ཡུལ་གསར་པ་ཞིག་གཏོད་རྒྱུ་དེ་རེད།
དེ་གོང་། ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་གཞུང་ཕྱོགས་ཀྱིས“བརྩེ་བས་ཕྱུག་པའི་ལྷ་ས་སྐྱིད་ཆུའི”མཚན་མོའི་ཡུལ་སྐོར་རྣམ་གྲངས་ལ“ས་བབ་མཐོ་ཤོས་ཀྱི་མཚན་མོའི་ཡུལ་སྐོར་གྱི་གྲུ་གཟིངས་ལྟ་སྐོར”གྱི་མཚན་སྙན་སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།