དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • མངའ་རིས་ས་ཁུལ་གྱིས་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-08

    ཉེ་ཆར། གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ནས་བཟུང་མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་དུ་བརྩིས་ནས“ཐོན་ལས་ཆེན་པོ་དགུ”ལ་དམིགས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ཤིང་། “ཐོན་ལས་དང་། གླིང་ཁུལ། རིག་གནས་ཡུལ་སྐོར། བོད་སྐྱོར”བཅས་ཀྱི་ཁ་ཕྱོགས་ཆེན་པོ་བཞི་ལ་དམིགས་ནས་ལས་དོན་གཏིང་ཟབ་སྤེལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།

    ཟླ་བ་དང་པོ་ནས་དགུ་པའི་རིང་། མངའ་རིས་ས་ཁུལ་གྱིས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས་རྨང་གཞིའི་ལས་དོན་ཁག་རྒྱུན་མཐུད་སྲ་བརྟན་དུ་བཏང་བ་རེད། དོན་འཁྱོལ་རྣམ་གྲངས་43མང་དུ་སོང་བར་ཚོད་རྩིས་བྱས་ན་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་16.37ཟིན་པ་དང་། རིམ་རྩིས་བརྒྱབ་ན་སྐྲུན་བཞིན་པའི་རྣམ་གྲངས་63ཡོད་པ་རེད། ལག་འབྱོར་མ་དངུལ་སྒོར་དུང་ཕྱུར་8.86ཟིན་ནས་རང་སྐྱོང་ལྗོངས་དང་ས་ཁུལ་གྱི་ལོ་འཁོར་དམིགས་ཚད་ལས་འགན་གྱི་52.1%དང་44.3%སོ་སོར་ལེགས་གྲུབ་བྱུང་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར་8.37ལེགས་གྲུབ་ཟིན་པ་དེ། རང་སྐྱོང་ལྗོངས་ཀྱི་ལོ་འཁོར་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་གྲུབ་བྱུང་ནས་འགྲུབ་ཚད་167.4%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།