དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཞི་རིམ་བཅོས་སྐྱོང་གི་བྱ་ཐབས་གསར་པ་བཏོན་པ།

    —— མངའ་རིས་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་སྡེ་ཁུལ་གྱི“བློ་རིག་སྡེ་ལས”ཀྱིས་གྲོང་མིའི་བདེ་སྐྱིད་ལ་སྔར་བས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-08

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་སྒར་རྫོང་སེང་གེ་ཁ་འབབ་གྲོང་རྡལ་སེང་གེ་སྡེ་ཁུལ་གྱིས་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་ཏེ། རང་འགུལ་ངང་སྡེ་ལས་སྡེ་ཁུལ་དུ་ཞུགས་པར་སྐུལ་འདེད་བཏང་བ་དང་ལག་ལེན་ཁྲོད་མཉམ་འདྲེས་མཉམ་བཅོས་མཉམ་སྤྱོད་ཀྱི་གཞི་རིམ་བཅོས་སྐྱོང་ཐབས་ལམ་གསར་པ་ཞིག་བཏོད་པས། “ཁུལ་ཆུང་གི་ལས་དོན”དེ“ཚང་མའི་ལས་དོན”ལ་གྱུར་ཡོད།

    སྡེ་ཁུལ་གྱིས་ཐོག་མར་བརྟག་དཔྱད་ཞིབ་འཇུག་དང་མཐིལ་རྟོགས་བྱེད་པ་ནས་འགོ་བཙུགས་ཏེ་རྒན་ཡོལ་གྱི་ཁུལ་གཉིས་པ་དེ་ཚོད་ལྟ་བྱ་ཡུལ་དང་པོར་བྱས་ཤིང་། དོ་བདག་ཨུ་ལྷན་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་མངའ་རིས་ས་ཁུལ་ཨ་ཆུང་རྡོ་མི་སྤྱི་སྡེ་ལས་ཞབས་ཞུ་ཀུང་སི་དང་མཉམ་ལས་བྱས་ནས་སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ་ལྟེ་བར་བྱེད་པ་དང་ཉེན་རྟོག་པའི་དྲ་མིག་དང་དྲ་མིག་བཅོས་སྐྱོང་མ་ལག་ལ་བརྟེན་ནས། སྡེ་ལས་དང་དུད་སྦྲེལ་ཐེམ་དཔོན་གྱི་ཞབས་ཞུའི་སྟོབས་ཤུགས་བསྡུ་སྒྲིལ་བྱེད་པའི་ཞབས་ཞུའི་རྣམ་པ་བཏོད་ཡོད། དེ་དང་ཆབས་ཅིག “སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ་དང་། དྲ་བའི་ཏང་རྩ་འཛུགས། ཐོག་ཁང་གི་ཏང་ཀྲི་པུའུ(ཏང་ཚོགས་ཆུང)”ཡི་རིམ་གསུམ་རྩ་འཛུགས་ཀྱི་འབྲེལ་ཐག་དུས་མཉམ་དུ་བཙུགས་པ་དང་། སྡེ་ཁུལ་གྱི“ཨུ་ལྷན་གཉིས”དང་། དོ་བདག་ཨུ་ལྷན། སྡེ་ལས། ཉེན་རྟོག་པ་བཅས་ཕྱོགས་མང་པོའི་མཉམ་འགུལ་གྱི་གྲོས་བསྡུར་དོ་དམ་བྱེད་སྟངས་གྲུབ་པ་རེད།

    དེ་སྔའི་སྡོད་གནས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། སྡེ་ཁུལ་གྱི་གྲོང་མི་སྲི་གཅོད་ཀྱིས“སྔོན་ཆད་ཁུལ་ཆུང་དུ་གང་སར་གད་སྙིགས་ཀྱིས་ཁེངས་པ་དང་། རླངས་འཁོར་གང་བྱུང་དུ་འཇོག་པ། ཕྱི་མི་གང་བྱུང་དུ་འགྲོ་འོང་བྱེད་པ་སོགས་ཀྱི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད་པས་ང་ཚོའི་རྒྱུན་གཏན་གྱི་འཚོ་བར་སྐྱོན་རྒྱག་གི་འདུག”ཅེས་མྱོང་ཚོར་ཟབ་མོསབཤད།

    སྡེ་ལས་སྡེ་ཁུལ་དུ་བཅའ་སྡོད་བྱས་པ་ནས་བཟུང་རྣམ་པ་དེར་རྩ་བ་ནས་འགྱུར་ལྡོག་ཕྱིན་ཞིང་། གྲོང་མིས་རེ་བ་བཏོན་ཚེ་སྡེ་ཁུལ་གྱི་ལས་དོན་མི་སྣ་དང་སྡེ་ལས་ཀྱིས་འཕྲལ་མར་མཉམ་དུ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

    ད་ཆ་རྒན་ཡོལ་ཁུལ་གཉིས་པར་སྐྱོད་སྐབས། གློག་མིག་221སྨི་ངོས་གྲུ་ཁྲི་6ལྷག་ཙམ་གྱི་ཁུལ་ཆུང་དུ་ཁྱབ་ཡོད་པ་དང་། རིག་ལྡན་རྒྱལ་སྒོ་10སྒྲིག་སྦྱོར་བྱས་པས་རླངས་འཁོར་འགྲོ་འོང་ཚད་ལྡན་དུ་ཕྱིན་ཡོད། རླངས་འཁོར་འཇོག་ས་60བཀོད་སྒྲིག་བྱས་པ་དང་མཚོན་རྟགས་དང་བྱང་བུ་60བཟོས་པས་ཁུལ་ཆུང་གི་སྒྲིག་ལམ་སྔར་བས་ལེགས་སུ་ཕྱིན་ཡོད། ད་དུང་ཆེད་ལས་གཙང་སྦྲ་བས་དུས་བཀག་ལྟར་གཙང་སྦྲ་བྱས་ནས་ཁུལ་ཆུང་གི་ཁོར་ཡུག་ཧ་ཅང་ཡག་པོ་ཡོད་པ་རེད།

    དེས་མ་ཚད་སྡེ་ཁུལ་གྱིས་ད་དུང་སྒུལ་བདེ་དང་གློག་ཤུགས་སོགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་ངོ་རིས་དབྱེ་འབྱེད་དང་། ཆ་འཕྲིན་ཞིབ་བཤེར། ཉེན་བརྡ་གཏོང་བ་བཅས་གཞི་གཅིག་ཏུ་འདུས་པའི“ལག་ཐོག་སྡེ་ཁུལ”གྱི་ལས་སྟེགས་ཞིབ་འཇུག་གསར་སྤེལ་བྱས་པས་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་ཐུབ་ནས་བདེ་འཇགས་འགན་སྲུང་དེ་བས་ལེགས་པ་བྱས་ཡོད་པ་རེད།

    “མཁྲེགས་ཆས་སྒྲིག་བཀོད”ཐག་གཅོད་བྱས་རྗེས་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། སྡེ་ཁུལ་ཏང་ཨུད་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་སྨི་གཅིག”སེམས་ལ་བཞག་སྟེ།“བཅོས་སྐྱོང་ཀུན་ཁྱབ”ཀྱིས་མི་སེམས་དྲོ་བར་བྱས་ནས་དོ་དམ་དང་། ཞབས་ཞུ། དྲིལ་བསྒྲགས། སྔོན་འགོག་བཅས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་གསར་གཏོད་བྱས་པ་རེད། ཏང་ཡོན་དང་བླངས་པ་དང་། དུད་སྦྲེལ་ཐེམ་དཔོན། དྲ་མིག་པ། སྡེ་ལས་མི་སྣ་བཅས་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་བྱ་ཐབས་སྣ་ཚོགས་སྤྱད་ནས་གྲོང་མིའི་རེ་འདུན་བསྡུ་རུབ་བྱས་པ་མ་ཟད། ད་དུང་སྡེ་ལས་དོ་དམ་ཞབས་ཞུའི་དཔྱད་བསྡུར་ལམ་སྲོལ་འཐུས་སྒོ་ཚང་དུའང་བཏང་བ་རེད།

    ད་ཆའི་སེང་གེ་སྡེ་ཁུལ་དུ། སྡེ་ལས་དེ“ཞབས་ཞུ་མཁོ་འདོན་བྱེད་མཁན”ནས་སྡེ་ཁུལ་བཅོས་སྐྱོང་གི“མཉམ་ལས་པར”དངོས་སུ་གྱུར་ཡོད། སྡེ་ཁུལ་དང་སྡེ་ལས་གཉིས་ཀྱིས་དུས་བཀག་ལྟར་མཉམ་འབྲེལ་ཚོགས་འདུ་འཚོགས་ནས་སྡེ་ཁུལ་གྱི་ལས་དོན་ཆེ་ཆུང་ཚང་མར་མཉམ་དུ་གྲོས་བསྡུར་བྱས་ཏེ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།