དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཟླ་བ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་ཐག་གཅོད་ཚད་དུས་མཚུངས་ལས་19.38%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-08

    ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་2025ལོའི་དུས་ཚིགས་གསུམ་པའི་ཁྲིམས་འཛིན་འདྲི་གཅོད་ཀྱི་གྲངས་གཞིར་དབྱེ་ཞིབ་བརྡར་དཔྱོད་ཀྱི་ཚོགས་འདུ་སྒྲིག་འཛུགས་བྱས་ནས་འཚོགས་ཤིང་། གསར་འགོད་པས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། 2025ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་ཁག་83332གསར་དུ་རྩིས་བླངས་པ་དང་གྱོད་གཞི་ཁག་75004གྱོད་ཐག་བཅད་པར་གྱོད་ཐག་གཅོད་ཚད་དུས་མཚུངས་ལས་19.38% འཕར་ཡོད།

    ཚོགས་འདུའི་ཐོག 《2025ལོའི་ཟླ་དང་པོ་ནས་དགུ་པ་བར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་འདྲི་གཅོད་གྲངས་གཞི་དབྱེ་ཞིབ་སྙན་ཞུ》བརྡ་ཁྱབ་བཏང་བ་དང་། སྙན་ཞུའི་ནང་མངོན་པ་ལྟར་ན། 2025ལོའི་ཟླ་བ་དང་པོ་ནས་དགུ་པའི་བར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་ཁག་83332གསར་དུ་རྩིས་བླངས་པ་དེ་དུས་མཚུངས་ལས་13.53%འཕར་བ་དང་། གྱོད་གཞི་ཁག་75004གྱོད་ཐག་བཅད་པ་དེ་དུས་མཚུངས་ལས་19.38%འཕར་ཡོད། དཔྱད་གཞིའི་བར་མཚམས་སུ་བཀོད་སྒྲིག་བྱས་པའི་དམིགས་ཚད་ཁག་13ནང་། ལྗོངས་ཡོངས་ཁྲིམས་ཁང་གི་དམིགས་ཚད་ཁག་2ལུགས་མཐུན་གྱི་བར་མཚམས་ལས་ལེགས་པ་ཡོད་པ་དང་དམིགས་ཚད་ཁག་7ལུགས་མཐུན་གྱི་བར་མཚམས་སུ་གནས་པས། ན་ནིང་གི་དུས་མཚུངས་དང་བསྡུར་ན་དམིགས་ཚད་ཁག་4ལེགས་སུ་ཕྱིན་པ་དང་དམིགས་ཚད་ཁག་1དོ་སྙོམས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།