བོད་ཀྱི་སྡོད་ཁང་དང་གྲོང་དོན་ལས་གྲྭའི་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་ཀྱི་སྒྱུར་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།
ཟླ་11ཚེས་6ཉིན། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2023ལོ་ནས་བཟུང་། རང་ལྗོངས་ཀྱིས་སྡོད་ཁང་དང་གྲོང་དོན་ཁྱབ་ཁོངས་ཀྱི་འོས་སྐུལ་འོས་དཔོད་ཀྱི་སྒྱུར་བཅོས་ལས་དོན་སྤེལ་འགོ་བཙུགས་པ་དང་རྒྱལ་ཡོངས་ཀྱི་སྔོན་ལ་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་ཚོད་ལྟའི་ལས་དོན་སྤེལ་ཐོག ལོ་གཅིག་ལྷག་ཙམ་སྐུལ་འདེད་ཏན་ཏིག་བཏང་བ་དང་མཉམ་དུ་འགག་སྒྲོལ་བྱས་པ་བརྒྱུད་འབྲེལ་ཡོད་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
བོད་ལྗོངས་རིག་ནུས་ཅན་འོས་སྐུལ་འོས་དཔོད་ཀྱི་སྒྱུར་བཅོས་དཔེ་དབྱིབས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཤིང་། ཧུའུ་ནན་དང་། ཀྲེ་ཅང་། ཀུའེ་ཀྲོའུ་སོགས་སུ་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་དཔེ་དབྱིབས་གཅིག་རྗེས་གཉིས་མཐུད་ངང་འཚོལ་ཞིབ་བྱེད་བཞིན་ཡོད། མིག་སྔར་རང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་སྡོད་ཁང་དང་གྲོང་དོན་ལས་གྲྭའི་ཁྱབ་ཁོངས་སུ་ཨར་སྐྲུན་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་། ད་ལོའི་ཟླ་བཅུ་པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་རིག་ནུས་ཅན་གྱི་འོས་སྐུལ་འོས་དཔོད་བྱས་པའི་རྣམ་གྲངས་ཁག་1788ཡོད་པ་དེ་དག་གི་མ་དངུལ་སྒོར་དུང་ཕྱུར་380ཟིན་ཡོད།
ལོ་གཉིས་རིང་། རང་ལྗོངས་ཀྱི་སྡོད་ཁང་དང་གྲོང་དོན་ལས་གྲྭའི་འོས་སྐུལ་འོས་དཔོད་ལས་ཀའི་དཔྱད་འདེམས་མ་ལག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་དང་བྱང་ཆུབ་པ་བྱུང་ནས་ཁྱུ་མཐུན་འོས་དཔོད་དང་ཁ་མཐུན་འོས་ཐོན་གྱི་སྣང་ཚུལ་བཀག་འགོག་ནུས་ལྡན་ཐུབ་ཡོད། རྣམ་གྲངས་ཀྱི་ཆ་སྙོམས་འོས་དཔོད་ཐུབ་པའི་ཁེ་ལས་ཀྱི་གྲངས་ཚད་སྒྱུར་བཅོས་ཚོད་ལྟའི་རིང་གི་ཁེ་ལས་128ནས་17བར་ཉུང་དུ་ཕྱིན་ནས་86%ཆག་སྟེ། ཤོག་ཁག་ཆུང་ངུའི་བཀོལ་སྤྱོད་བྱེད་རིགས་མེད་པ་བཟོས་པ་མ་ཟད། ཚུལ་མིན་འགྲན་རྩོད་ཀྱང་བཀག་འགོག་ཐུབ་ནས་ཁྲོམ་རའི་གསོན་ཤུགས་གང་ལེགས་མངོན་ཡོད།
འབྲེལ་ཡོད་གསར་འགྱུར།