དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་སྒོར་དུང་ཕྱུར་846.89ཟིན་པ།

    ལྗོངས་ཡོངས་ཀྱི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་9ཙམ་མཐོ་བ་ཡོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-11-08

    ཉེ་ཆར། གསར་འགོད་པས་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་2025ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་རིང་གི་བོད་ཀྱི་དངུལ་རྩའི་འཁོར་རྒྱུག་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་དགུ་པའི་རིང་། བོད་ཀྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་846.89ཟིན་ཡོད། དེའི་ནང་དངོས་ཚན་དཔལ་འབྱོར་ལ་གཏོང་སྤྲོད་བྱས་པའི་མི་དམངས་ཤོག་སྒོར་གྱི་དངུལ་བུན་སྒོར་དུང་ཕྱུར་772.96འཕར་བ་དེས་དུས་མཚུངས་སྤྱི་ཚོགས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་གཞི་ཁྱོན་འཕར་ཚད་ཀྱི་བསྡུར་ཚད་91.27%བཟུང་ཡོད། ཟླ་9པའི་ཟླ་མཇུག་ཏུ། ལྗོངས་ཡོངས་ཀྱི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6785.3ཟིན་པ་དེ་ལོ་འགོ་དང་བསྡུར་ན་སྒོར་དུང་ཕྱུར་773.0འཕར་བ་དང་འཕར་ཚད་12.86%ཟིན་ཡོད། བསྡུར་གཞི་ཡོད་པའི་དགོས་མཁོ་ལྟར་བརྩིས་ན། དུས་མཚུངས་ལས་15.32%འཕར་བ་དང་རྒྱལ་ཡོངས་ལས་བརྒྱ་ཆའི་གྲངས་9ཙམ་མཐོ་བ་ཡོད། ཟླ་9པའི་ཟླ་མཇུག་ཏུ། ལྗོངས་ཡོངས་ཀྱི་རང་དངུལ་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་6783.2ཟིན་པ་དེ་དུས་མཚུངས་ལས་5.51%འཕར་ནས་བརྟན་ལ་ཅུང་མགྱོགས་པའི་འཕར་ཚད་རྒྱུན་འཁྱོངས་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།