བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་གསར་དུ་སྤེལ་བའི་སྤྱི་བསྒྲགས།
“བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང”གི་སྐད་འཕྲིན་སྤྱི་སྟེགས་སུ་སྤེལ་བའི་ཆ་འཕྲིན་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ནད་སྡོད་ཁུལ་དུ་སྨན་པ་བསྟེན་པར་ཡོང་མཁན་ཚོའི་རླངས་འཁོར་འཇོག་དཀའ་བ་སོགས་ཀྱི་གནད་དོན་ལུགས་མཐུན་ངང་ཐག་གཅོད་བྱེད་པ་དང་། རླངས་འཁོར་གྱི་དོ་དམ་སྒྲིག་སྲོལ་སྔར་བས་ཚད་ལྡན་དུ་གཏོང་བ། ནད་པས་སྨན་པ་བསྟེན་པའི་ཉམས་སྣང་ཡག་ཏུ་གཏོང་བ་བཅས་བྱ་ཆེད། གོང་རིམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ནད་སྡོད་ཁུལ་གྱི་རླངས་འཁོར་འཇོག་སའི་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱ་རྒྱུ་གཏན་འབེབས་བྱས་པ་ཡིན། ད་ལྟ་སྤྱི་བསྒྲགས་སྤེལ་རྒྱུ་གཤམ་གསལ།
གཅིག སྨན་ཁང་དུ་སྡོད་མཁན་ནད་པའི་རླངས་འཁོར།
ཆུ་ཚོད་ཕྱེད་ཀ་ཕྱིན་མེད་ན་དངུལ་མི་བསྡུ་བ་དང་། ཆུ་ཚོད་ཕྱེད་ཀའི་རྗེས་ཆུ་ཚོད་རེར་སྒོར་2བསྡུ་རྒྱུ་དང་ཆུ་ཚོད་24ཡི་ནང་བསྡོམས་སྒོར་7ཡན་མི་བསྡུ་བ།
གཉིས། སྒོ་བསྟེན་སྨན་ཁང་དུ་ཡོང་མཁན་ནམ་མི་གཞན་གྱི་རླངས་འཁོར།
ཆུ་ཚོད་ཕྱེད་ཀ་ཕྱིན་མེད་ན་དངུལ་མི་བསྡུ་བ་དང་། ཉིན་མོར་ཆུ་ཚོད་རེར་སྒོར་4བསྡུ་རྒྱུ་དང་ཆུ་ཚོད་24ཡི་ནང་ཉིན་མོ་བསྡོམས་སྒོར་36ཡན་མི་བསྡུ་བ་དང་། མཚན་མོ་ཆུ་ཚོད་རེར་སྒོར་1བསྡུ་རྒྱུ་དང་ཆུ་ཚོད་24ཡི་ནང་མཚན་མོ་བསྡོམས་སྒོར་5ཡན་མི་བསྡུ་བ། ཆུ་ཚོད་24ཡི་ནང་བསྡོམས་སྒོར་41ཡན་མི་བསྡུ་བ་བཅས་སོ།
གསུམ། སྤྱི་བསྒྲགས་སྤེལ་ཡུན།
2025ལོའི་ཟླ་11ཚེས་5ནས་2025ལོའི་ཟླ་11ཚེས་11ཉིན་བར་ཡིན། སྤྱི་བསྒྲགས་སྤེལ་རིང་གལ་སྲིད་གོང་གསལ་གྱི་དངུལ་བསྡུ་བའི་ཚད་གཞི་ལེགས་སྒྲིག་བྱེད་པར་བསམ་འཆར་ཡོད་ཚེ། སྨན་ཁང་གི་སྒྲིག་ཨུད་དམ་ཡང་ན་བདེ་སྲུང་ཁང་ལ་འབྲེལ་གཏུག་བྱས་ནས་བསམ་འཆར་འདོན་རོགས།
སྨན་ཁང་སྒྲིག་ཨུད་ཀྱི་འབྲེལ་གཏུག་ཁ་པར། 13658915564
བདེ་སྲུང་ཁང་གི་འབྲེལ་གཏུག་ཁ་པར། 13322581157
འབྲེལ་ཡོད་གསར་འགྱུར།