ཀོང་ཀྲོའུ་ཚོང་འདུས་སྐབས་138པ་མཇུག་འགྲིལ་བ།

འདི་ནི་ཀོང་ཀྲོའུ་ཚོང་འདུས་སྐབས་138པ་འཚོག་ཡུལ་ཡིན་པ།
ཟླ་11ཚེས་4ཉིན། ཀོང་ཀྲོའུ་ཚོང་འདུས་སྐབས་138པ་མཇུག་འགྲིལ་ཞིང་། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ལ་རྒྱལ་ཁབ་དང་ས་ཁུལ་223ནས་ཡོང་བའི་ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཁྲི་31ལྷག་ཙམ་ཞུགས་པ་དེ་སྐབས་གོང་མ་ལས་7.5%མང་དུ་སོང་ནས་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད། དེའི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཉོ་སྒྲུབ་ཚོང་པ་ཁྲི་21.4ཡོད་པ་དེ་9.4%མང་དུ་སོང་བ་དེས་69%བཟུང་ཡོད་པ་དང་། ཡོ་རོབ་མནའ་འབྲེལ་དང་། འཛམ་གླིང་དབུས་ཤར། ཨ་རི། པར་ཙིར་བཅས་ཀྱི་ཉོ་སྒྲུབ་ཚོང་པ་མངོན་གསལ་དོད་པོས་མང་དུ་ཕྱིན་ནས་འཕར་ཚད་32.7%དང་། 13.9% 14% 33.2%བཅས་སོ་སོར་ཟིན་ཡོད། བཟོ་ཚོང་སྒྲིག་གཞི་158ཚོགས་པ་བསྒྲིགས་ནས་ཚོང་འདུས་ལ་ཞུགས་པ་དེས་12%འཕར་ཡོད། ཉོ་སྒྲུབ་ཚོགས་པ་550ནང་སྐད་གྲགས་ཆེ་བའི་ཁེ་ལས་406ཚོགས་པ་བསྒྲིགས་ནས་ཚོང་འདུས་ལ་ཞུགས་པ་དེས་7.9%འཕར་ཡོད། སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་ས་ཡུལ་དངོས་ལ་འདོད་མོས་ཕྱིར་གཏོང་གི་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་256.5ཟིན་ནས་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད།
སྐབས་འདིའི་ཀོང་ཀྲོའུ་ཚོང་འདུས་ཀྱི་འགྲེམས་སྟོན་དངོས་པོ་ཁྲི་460ཡོད་པའི་ནང་ཐོན་རྫས་གསར་པ་དང་། ལྗང་མདོག་ཐོན་རྫས། རང་བདག་ཤེས་རིག་བདག་དབང་གི་ཐོན་རྫས་བཅས་ཀྱིས་བཟུང་བའི་བསྡུར་ཚད་20%ལྷག་ཙམ་ཟིན་ཡོད།
འབྲེལ་ཡོད་གསར་འགྱུར།