བློ་མཐུན་ཙའུ་ཐའོ་ཧྥུན་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ལི་ཧྲུའུ་ལེ་ཞུགས་ནས་གསུང་བཤད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། བློ་མཐུན་ཙའུ་ཐའོ་ཧྥུན་འཁྲུངས་ནས་ལོ་130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།
ཚོགས་ཞུགས་མི་སྣས། བློ་མཐུན་ཙའུ་ཐའོ་ཧྥུན་ནི་རང་རྒྱལ་གྱི་དེང་རབས་ལོ་རྒྱུས་ཐོག་གི་རིག་གནས་ཀྱི་འཐབ་འཛིང་པ་ཕུལ་བྱུང་དང་། རླབས་ཆེའི་རྒྱལ་གཅེས་པ། ཕུལ་བྱུང་གི་དཔེ་སྐྲུན་མཁས་ཅན་དང་གསར་འགོད་པ་བཅས་ཡིན་ཞིང་། ཁོང་ལ་ཀྲུང་གོའི་སྔོན་ཐོན་ཤེས་ལྡན་པའི་མཆོག་ཏུ་གྱུར་པའི་ཉམས་འགྱུར་ལྡན་པ་དང་ཁོང་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་རིག་གནས་གཟུགས་བརྙན་གྱི་ཚབ་མཚོན་པ་ཞིག་ཡིན། ང་ཚོས་བློ་མཐུན་ཙའུ་ཐའོ་ཧྥུན་གྱིས་རྒྱལ་ཁབ་ཀྱི་དོན་དུ་སྲི་ཞུར་བརྩོན་པ་དང་། སྨྱུག་རྩལ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་རྒྱལ་གཅེས་ཀྱི་ལྷག་བསམ། ཡར་རྒྱས་བརྩོན་ལེན་དང་འོད་ཟེར་ལ་ཕྱོགས་པའི་འདོད་འདུན་བརྟན་པོ། སྤྱི་སེམས་ལས་སྒེར་སེམས་མེད་པ་དང་དམངས་ལ་ཞབས་འདེགས་ཞུ་བའི་དམངས་ཞེན་བརྩེ་སེམས། རིག་གནས་དར་སྤེལ་བརྒྱུད་སྤེལ་དང་གསར་འབྱེད་ཡར་བརྩོན་གྱི་གསར་གཏོད་འཇོན་ཐང་བཅས་ལ་སློབ་སྦྱོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ངོས་འཛིན་བྱས་པ་རེད།
ཚོགས་ཞུགས་མི་སྣས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས། སྲོལ་རྒྱུན་བཟང་པོ་དར་སྤེལ་དང་གཞུང་འཁྱོངས་གསར་འབྱེད་ལ་སྐུལ་འདེད་བཏང་སྟེ། གསར་འགྱུར་དཔེ་སྐྲུན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས། ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ནས་དུས་རབས་གསར་པའི་གཙོ་རྒྱུན་རིག་གནས་སྟོབས་ཆེར་གཏོང་དགོས། རིག་གནས་ཀྱི་ཕུགས་འདུན་བརྟན་སྲུང་བྱས་ཏེ་སྤུས་རྟགས་རྩེ་གྲ་ཧུར་ཐག་གཏོད་དགོས། ཆ་འཕྲིན་ཅན་གྱི་གོ་སྐབས་དམ་འཛིན་བྱས་ཏེ་གསར་འགྱུར་དཔེ་སྐྲུན་ལས་རིགས་སྒྱུར་བཅོས་གསར་གཏོད་གཏིང་ཟབ་བྱེད་དགོས། ང་རྒྱལ་མེད་པ་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱས་ནས། གྲུབ་འབྲས་རྩེ་གྲར་བརྟེན་ནས་ང་ཚོའི་དུས་རབས་འདིར་དབང་བའི་རིག་གནས་གསར་པ་ཧུར་ཐག་གཏོད་དགོས་ཞེས་བཤད་པ་རེད།
འབྲེལ་ཡོད་གསར་འགྱུར།