དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོའི་སྤུས་རྟགས་ཀྱི་འཕེལ་རྒྱས་སྟོན་གྲངས(2025)ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-07

    ཉིན་ཤས་གོང་། 2025ལོའི་ཀྲུང་གོའི་སྤུས་རྟགས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཀྲུང་གོའི་སྤུས་རྟགས་ཀྱི་འཕེལ་རྒྱས་སྟོན་གྲངས(2025)ཁྱབ་བསྒྲགས་བྱས་ཤིང་། གྲུབ་འབྲས་དེ་ཀྲུང་གོ་གཞི་ཆེའི་དཔལ་འབྱོར་ཞིབ་འཇུག་ཁང་གིས་རིག་གཞུང་གི་རྒྱབ་སྐྱོར་མཁོ་འདོན་བྱས་པ་དང་མི་དམངས་ཉིན་རེའི་ཚགས་པར་ཀྲུང་གོའི་སྤུས་རྟགས་འཕེལ་རྒྱས་ཞིབ་འཇུག་ཁང་གིས་སྒྲིག་བཟོ་བྱས་པ་ཞིག་རེད། ཞིབ་འཇུག་ལས་མངོན་པར། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་བ་དང་བསྟུན་ནས། ཁེ་ལས་ཀྱི་གསར་གཏོད་གསོན་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་གྲུབ་པ། སྒུལ་ནུས་གསར་རྙིང་བརྗེ་སྒྱུར་བྱེད་ཚད་སྔར་བས་མགྱོགས་སུ་ཕྱིན་པ་བཅས་ཀྲུང་གོའི་སྤུས་རྟགས་ཀྱི་འཕེལ་རྒྱས་སྟོན་གྲངས་དེ་དར་རྒྱས་འགྲོ་བའི་ཁྱབ་ཁོངས་སུ་རྒྱུན་མཐུད་གནས་པ་དང་འཕར་བའི་འཕེལ་ཕྱོགས་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀྲུང་གོའི་སྤུས་རྟགས་ཀྱི་འཕེལ་རྒྱས་སྟོན་གྲངས་ཀྱིས་གྲངས་གཞི་ཆེན་པོ་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་སྤྱད་དེ། མཚོན་བྱེད་རང་བཞིན་དང་། སྣེ་ཁྲིད་རང་བཞིན། སྣ་མང་རང་བཞིན་བཅས་ལྡན་པའི་དཔེ་མཚོན་ཁེ་ལས་100ལ་འགུལ་རྣམ་གྱི་ལྟ་ཞིབ་ཚད་ལེན་བྱེད་པ་ནི་སྤུས་རྟགས་ཁྱབ་ཁོངས་ཁྲོད་ཀྱི་ཀྲུང་གོའི་དཔལ་འབྱོར་དར་རྒྱས་འགྲོ་ཚད་ཀྱི་ཚན་རིག་དང་མཐུན་པའི་ཚད་འབེབས་གདེང་འཇོག་བྱས་པ་ཞིག་ཡིན་ཞིང་། དེའི་ནང་ཚུད་པའི་དངོས་ཚན་དཔལ་འབྱོར་གྱི་སྤུས་རྟགས་ཀྱིས་སྤུས་རྟགས་ཡོངས་ཀྱི་50%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།