རྒྱལ་ཡོངས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གློག་བརྙན་གཟའ་འཁོར་སྐབས་དྲུག་པ་འགོ་ཚུགས་པ།
ཉེ་ཆར། སློབ་གསོ་པུའུ་དང་ཀྲུང་དབྱང་དྲིལ་བསྒྲགས་པུས་མཉམ་དུ་གཉེར་བའི་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་སློབ་མའི་གློག་བརྙན་གཟའ་འཁོར་སྐབས་དྲུག་པ་ཧྲང་ཧའེ་རུ་འཚོགས་པ་རེད།
ད་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཞིག་རེད་ལ། ཀྲུང་གོའི་གློག་བརྙན་ཐོན་ནས་ལོ་ངོ་120འཁོར་བའི་ལོ་ཞིག་ཀྱང་རེད། སྐབས་འདིའི་གློག་བརྙན་གཟའ་འཁོར་གྱིས“གློག་བརྙན་གྱི་ལོ་བརྒྱ། ཀྲུང་གོའི་ལོ་ཆུང”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་ཞིག་ཏུ་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱས་ཡོད།
འགོ་ཚུགས་མཛད་སྒོའི་ཐོག“རྒྱལ་ཁར་གུས་འདུད་ཞུ” “བརྗེད་མི་སྲིད་པའི་དྲན་ཤེས” “ཁྱིམ་ཞེན་རྒྱལ་གཅེས” “བསྐྱར་དར་རླབས་པོ་ཆེ”བཅས་བརྗོད་དོན་གཙོ་བོར་བྱས་ཏེ། ཕུལ་བྱུང་གློག་བརྙན་གྱི་གཞི་རྒྱུ་དང་དེང་རབས་ལོ་ཆུང་གི་མིག་རྒྱང་ཟུང་འབྲེལ་གྱིས་གསར་བརྗེའི་ས་བོན་དང་ཚན་རྩལ་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བ་མངོན་ཡོད། ལོ་བརྒྱའི་གློག་བརྙན་ལོ་རྒྱུས་ཀྱི་འཕེལ་རྒྱས་ལས་ཀྲུང་ཧྭ་མི་རིགས་ཀྱི་རང་སྟོབས་རང་འཕེལ་དང་དཀའ་སྤྱད་འབད་བརྩོན་གྱི་རླབས་ཆེའི་སྙིང་སྟོབས་མངོན་ཡོད་ལ། སློབ་གྲྭ་འབྲིང་ཆུང་གི་སློབ་མ་ཚོས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། རྒྱལ་ཁབ་ལ་དྲིན་ལན་འཇལ་བ་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ཕུགས་འདུན་བཅངས་པར་སྔར་བས་ཁྲིད་སྟོན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།