དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སློབ་གསོ་པུས་བྱ་ཐབས་ཁག་10བཏོན་ནས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-07

    སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་གྱི་ཆུ་ཚད་སྔར་བས་མཐོ་རུ་གཏོང་ཆེད། ཉེ་ཆར། སློབ་གསོ་པུའུ་གཞུང་དོན་ཐིང་གིས《སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་བྱ་ཐབས་ཁག་བཅུ》བཀྲམ་པ་རེད།

    སྦྱངས་འབྲས་རྒྱུགས་ལེན་གྱི་སེམས་ཁྲལ་ཆུང་དུ་གཏོང་བའི་ཐད། བྱེད་ཐབས་གཞིར་བཟུང་། སྦྱོང་ཚན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབོར་ཚད་ཚོད་འཛིན་ནན་པོ་བྱས་ནས་རྒྱུན་གཏན་གྱི་གནོན་ཤུགས་འབྱུང་རྩ་ནས་ཆུང་དུ་གཏོང་དགོས། རྒྱུགས་ལེན་དོ་དམ་ཚད་ལྡན་དུ་གཏོང་བ་དང་རྒྱུགས་འབྲས་ལྟར་ཨང་རིམ་སྒྲིག་མི་ཆོག་པ་ཁ་གསལ་བཏོན་ཏེ། འགྲན་རྩོད་ཀྱི་སེམས་ཁྲལ་ཆུང་དུ་གཏོང་དགོས། སློབ་ཕྱིའི་གསོ་སྦྱོང་ལ་བཅོས་སྒྲིག་བྱེད་ཟབ་ཏུ་བཏང་ནས་རིག་ཚན་རིགས་ཀྱི་གསོ་སྦྱོང་ལ་ཚོད་འཛིན་ནན་པོ་དང་རིག་ཚན་རིགས་མིན་པའི་གསོ་སྦྱོང་ཚད་ལྡན་དུ་གཏོང་དགོས། འབྲིང་རྒྱུགས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་མཐོ་འབྲིང་རྩེ་གྲ་ཁག་གི་སློབ་བསྡུའི་དམིགས་ཚད་སློབ་གྲྭར་རག་པའི་བསྡུར་ཚད་རྒྱ་ཆེར་བཏང་ནས། བཀོད་སྒྲིག་དོ་སྙོམས་བྱེད་སྟངས་འཚོལ་ཞིབ་བྱེད་དགོས།

    ལུས་སྦྱོང་མི་འདང་བ་དང་། གཉིད་མི་འདང་བ། དྲ་རྒྱར་དབྱིངས་ཞུགས་པ་སོགས་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་སེམས་ཁམས་བདེ་ཐང་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་མངོན་གསལ་དོད་རིགས་ལ་དམིགས་ནས། བྱ་ཐབས་གཞིར་བཟུང་། ལུས་སེམས་གཉིས་ཀ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་མཐོང་ཆེན་བྱས་ཏེ། “ཉིན་རེར་ལུས་རྩལ་སྦྱོང་བརྡར་ཆུ་ཚོད་གཉིས་རེ”ཕྱོགས་ཡོངས་ནས་དོན་འཁྱོལ་དང་། གཉིད་འདང་ངེས་ཡོང་བའི་འགན་ལེན། དྲ་རྒྱ་ཡག་པོ་སྤྱོད་པའི་གོམས་གཤིས་སྐྱེད་སྲིང་། དྲ་རྒྱའི་ཁོར་ཡུག་གཙང་སེལ་བཅས་བྱེད་དགོས།

    གཞིས་ལུས་བྱིས་པ་དང་། ཕྱོགས་མིའི་བྱིས་པ། དྭ་ཕྲུག གསོ་སྐྱོང་བྱེད་མཁན་དངོས་མེད་པའི་བྱིས་པ། དེ་བཞིན་ཕ་མ་ཡ་ཆགས་ཁྱིམ་ཚང་གི་བྱིས་པ་སོགས་དམིགས་བསལ་སློབ་མའི་ཚོགས་སྤྱི་ནི་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་གྱི་གཙོ་གནད་ཡིན་པས། དམིགས་བསལ་སློབ་མའི་ཚོགས་སྤྱིར་དམིགས་ནས“སློབ་མ་རེར་བྱ་ཐབས་རེའི”སེམས་ཁམས་བདེ་ཐང་ཡིག་ཚགས་བཟོས་ཏེ། ཡིག་ཚགས་དང་གཱ་བཟོས་ནས་དོ་དམ་བྱེད་དགོས། ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་ཆ་རྐྱེན་ལེགས་སུ་བཏང་ནས་ཞག་སྡོད་སློབ་མའི་འཚོ་བར་ལྟ་སྐྱོང་དང་བདེ་འཇགས་དོ་དམ་ལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

    ཁྱིམ་ཚང་སློབ་གསོས་སློབ་མའི་སེམས་ཁམས་བདེ་ཐང་ལས་དོན་ལ་ནུས་པ་གལ་ཆེན་འདོན་གྱི་ཡོད་པས། སློབ་གྲྭས“སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་མཉམ་སྐྲུན་མཉམ་འབྲེལ་སྒྲིག་གཞི”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཁྱིམ་ཚང་དང་སློབ་གྲྭ་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སློབ་མའི་འཚར་ལོངས་གནས་ཚུལ་རྗེས་འདེད་དབྱེ་ཞིབ་བྱེད་པར་ཤུགས་སྣོན་རྒྱག་པ་དང་དུས་བཀག་ལྟར་ཁྱིམ་བདག་ལ་ལན་སྤྲོད་དགོས་པ་མ་ཟད། བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་མི་རབས་རྗེས་མར་དོ་ཁུར་ལས་དོན་ཨུ་ལྷན་སོགས་དང་མཉམ་དུ་སྡེ་ཁུལ་དང་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སེམས་ཁམས་བདེ་ཐང་གི་གཞི་རྩའི་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་རྒྱ་ཁྱབ་སྤེལ་ནས་ཁྱིམ་བདག་ཚོའི་སེམས་ཁམས་བདེ་ཐང་གི་བྱང་ཚད་མཐོ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།