ཀྲུང་ཧྭར་བརྩེ་བ་འཆང་བའི་ཤང་ཀང་གི་གཞོན་ནུ་ལོ་ཆུང་གི་རྩོམ་ཡིག་དང་གྱེར་འདོན་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཤང་ཀང་དུ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཤང་ཀང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཤང་ཀང་གཞོན་ནུ་ལོ་ཆུང་རྒྱལ་གཅེས་རིང་ལུགས་སློབ་གསོ་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་ཀྲུང་ཧྭར་བརྩེ་བ་འཆང་བའི་ཤང་ཀང་གི་གཞོན་ནུ་ལོ་ཆུང་གི་རྩོམ་ཡིག་དང་གྱེར་འདོན་འགྲན་བསྡུར་ཆེ་མོ་སྐབས་གཉིས་པའི་མཐའ་བསྡུར་དང་བྱ་དགའ་སྤྲོད་པའི་མཛད་སྒོ་ཤང་ཀང་དུ་འཚོགས་པ་རེད།
ད་ཐེངས་ཀྱི་འགྲན་བསྡུར་ཆེ་མོ་དེ་ད་ལོའི་ཟླ་བ་4པ་ནས་འགོ་ཚུགས་ཤིང་། རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་དང་ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་28འཁོར་བར་དྲན་གསོ་ཞུ་བ་གོ་སྐབས་སུ་བྱེད་པ་དང་ཤང་ཀང་གི་གཞོན་ནུ་ལོ་ཆུང་ཚོས་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་མི་རིགས་ཀྱི་ལས་དབང་ལ་ངོས་འཛིན་བྱེད་ཚད་སྔར་བས་ཟབ་ཏུ་གཏོང་བ་དམིགས་ཡུལ་དུ་བྱས་ནས། ཤང་ཀང་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་167གྱི་སློབ་མ་650ཙམ་ཞུགས་པའི་ཡིད་དབང་བཀུག་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། འགྲན་བསྡུར་དེ་སློབ་འབྲིང་གི་རྒྱ་ཡིག་ཚོགས་ཆུང་དང་། སློབ་འབྲིང་གི་དབྱིན་ཡིག་ཚོགས་ཆུང་། སློབ་ཆུང་གི་རྒྱ་ཡིག་ཚོགས་ཆུང་། སློབ་ཆུང་གི་དབྱིན་ཡིག་ཚོགས་ཆུང་བཅས་སུ་དབྱེ་ཡོད་པ་དང་། འགྲན་བསྡུར་ཐོག་བསྡོམས་ཨང་གསུམ་པ་50དང་། ཨང་གཉིས་པ་46 ཨང་དང་པོ་11 དམིགས་བསལ་བྱ་དགའ་8 དེ་བཞིན་སྤྱི་ཡོངས་ཨང་དང་པོ་4བཅས་བདམས་ཐོན་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།