དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱིས།

    དངོས་སྒྲུབ་འགན་འཁུར་གྱིས་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    འདི་ནི་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་ཧུར་ཐག་ཞུགས་མཁན་གྱི་སྣེ་གདོང་ཆུས་ཀྱི་མང་ཚོགས་ཡིན་པ།

    འདི་ནི་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ཡུལ་ལྗོངས་ཡིན་པ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་། སྲོལ་རྒྱུན་དང་དེང་རབས་མཉམ་འདྲེས་དང་གངས་རི་དང་སྔོ་ལྗང་རི་ཀླུང་མཉམ་གནས་ཀྱི་གསོན་ཉམས་དོད་པའི་མཛེས་རིས་རེ་རེ་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ས་གཞི་འདིའི་ཐོག་འཆར་བཞིན་ཡོད།

    མི་རིགས་མཐུན་སྒྲིལ་ལ་བརྟེན་ནས་ཞི་མཐུན་གྱི་རྣམ་པ་བཏོད་པ།

    ཉེ་བའི་ལོ་ཤས་རིང་། སྣེ་གདོང་ཆུས་ཀྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ། ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་སྟོབས་ཆེར་གཏོང་བ་དང་། གཞི་རིམ་འཛུགས་སྐྲུན། འགལ་ཟླ་སེལ་བ། མི་འབོར་ཞབས་ཞུ། གཙོ་གནད་དོ་དམ་ཚོད་འཛིན། བློ་རིག་གིས་མཐུན་རྐྱེན་སྦྱོར་བ་སོགས་ཕྱོགས་མང་པོའི་ཐད་ཤུགས་སྣོན་བརྒྱབ་ནས་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་བཏོད་ཐོག སྤྱི་ཚོགས་བརྟན་ལྷིང་དང་དམངས་འཚོ་བདེ་སྐྱིད་གོམ་སྟབས་གཅིག་གྱུར་ཡོང་བར་སྐུལ་འདེད་བཏང་སྟེ། “དུས་བདེའི་སྣེ་གདོང་དང་བདེ་སྐྱིད་ལྡན་པའི་སྣེ་གདོང”གི་གསོན་ཉམས་དོད་པའི་རྣམ་པ་ཞིག་བཏོད་ཡོད།

    སྣེ་གདོང་ཆུས་ཀྱིས་གྲོང་ཁུལ་གྱི་སྲིད་འཛིན་ས་ཁོངས་ལེགས་སྒྲིག་བྱས་ཏེ“ཏང་འཛུགས་སྐྱོང་དང་། དྲ་མིག གྲངས་འཛིན་ཅན་བཅས་ཟུང་དུ་འབྲེལ་བའི”བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་ཀྱིས་བཏོད་དེ། སྣེ་གདོང་ཆུས་ཡོངས་སུ་ཁྱབ་སྤེལ་བཏང་ཡོད། སྤྱི་ཚོགས་ཀྱི་འགལ་ཟླའི་ཁྱད་ཆོས་གསར་པར་དམིགས་ནས། སྣེ་གདོང་ཆུས་ཡིག་འབུལ་ཞུ་བཅར་གྱི“གོམ་སྟབས་ལྔའི་འགལ་ཟླ་སེལ་ཐབས”དེ་རྒྱལ་ཡོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”གི་སྔོན་ཐོན་དཔེ་མཚོན་དུ་བདམས་པ་དང་། བོད་ཀྱི་རྫོང་རིམ་པའི“གསང་འཕྲིན་དང་། བཀོད་འདོམས། ལག་བསྟར”བཅས་ཀྱི་འདུས་གྲུབ་དམག་འཐབ་བཀོད་འདོམས་ལྟེ་གནས་དང་པོ་སྔོན་ལ་བཙུགས་པ། “མང་ཚོགས་ཀྱིས་ཞོགས་པར་གྱོད་དོན་སྙན་སེང་ཞུས་པ་ན། ཉེས་གསོག་དོགས་ཅན་དགོང་མོ་དེ་རང་ལ་བཟུང་ཐུབ་པའི”དོན་དངོས་ཀྱི་གྱོད་དཔེ་ནི་དུས་བདེའི་སྣེ་གདོང་འཛུགས་སྐྲུན་གྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད།

    ཁུལ་ཆུང་རྙིང་པ་སྒྱུར་བཀོད་བྱེད་སྐབས། སྣེ་གདོང་ཆུས་ཀྱིས“བསམ་འདུན་ཆུང་ངུ”བཅོས་སྐྱོང་གི་གྲོས་འགོ་བསྡུ་རུབ་དོན་འཁྱོལ་བྱས་ཏེ། བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཆེ་བ་དང་སྒྲིག་བཀོད་རྗེས་ལུས་ཐེབས་པའི་གནས་ཚུལ་ལ་རྦད་དེ་འགྱུར་ལྡོག་བཏང་ནས་མང་ཚོགས་ཚོར“གནད་དོན་སེལ་མཁན་ཡོད་པ་དང་རེ་འདུན་ལ་ཨ་ལན་སློག་མཁན་ཡོད་པ”ཏན་ཏིག་ཚོར་བར་བྱས་ཡོད། མི་འབོར་སྟབས་བསྟུན་དོ་དམ་དང་། སྐོར་སྐྱོད་མི་འབོར་གྱི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་པ། གཙོ་གནད་མི་སྣར་རོགས་སྐྱོབ། སྤྱི་ཚོགས་ངོས་སུ་ལྟ་སྐུལ་དང་བསྡུ་སྒྲིལ་སོགས་ཐད་བརྒྱུད་རིམ་ལྡན་པའི་འདུ་འགོད་ལ་བརྟེན་ནས་དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་ཡོད།

    “1999ལོར་སྣེ་གདོང་དུ་ཚོང་རྒྱག་པར་ཡོང་བ་ནས་ད་བར་ང་རང་ཡུལ་འདིར་འཚོ་བ་བསྐྱལ་ནས་ལོ་25འགྲོ་ཡི་འདུག ལོ་དེ་དག་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་མིག་མཐོང་ལག་ཟིན་བྱུང་། ད་ཆ་ངའི་ཐེམ་ཐོ་འདི་གར་བསྒྱུར་ཟིན་པས་སྣེ་གདོང་བ་གསར་པ་ཞིག་ཡིན་པའི་ངོས་ནས་ང་ལ་ཕ་ཡུལ་ཡིན་པའི་ཚོར་སྣང་ཡོང་གི་འདུག”ཅེས་སྣེ་གདོང་ཆུས་སྐར་དམར་སྡེ་ཁུལ་གྱི་གྲོང་མི་ལིའུ་ཀོང་ཧྥུའུ་ཡིས་བཤད།

    ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་བ།

    བོད་ལྗོངས་ཧུང་ནུང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་དང་བོད་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་རིག་ནུས་ཅན་གྱི་བོད་བྱ་གསོ་སྤེལ་ཐོན་ལས་གླིང་བསྐྲུན་པ་དང་། ལོར་སྒོ་ང་སོས་པ་དུང་ཕྱུར་6ཙམ་ཐོན་ཀྱི་ཡོད་པས་རང་སྐྱོང་ལྗོངས་ཀྱི་ཤ་ཚལ་སྒོང་གསུམ་ལས་གྲྭའི་སྒོ་ང་སོས་པ་100%རང་མཁོ་རང་སྤྲོད་ཐུབ་ཡོད། གཞན་ཡང་། སྤྱི་ལོ་641ལོ་ནས་དར་ཞིང་ལོ་མང་རིང་གི་ལག་རྩལ་སྒྱུར་བཅོས་བྱས་པ་བརྒྱུད་རྩེད་ཐེར་ལ་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    2019ལོ་ནས་བཟུང་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་ལྷ་མོར་བརྟེན་ནས་གྲོང་གསེབ་ཡུལ་སྐོར་གྱི་རྣམ་གྲངས་འཕེལ་རྒྱས་བཏང་ཞིང་། ཡུལ་སྐོར་བྱེད་མང་བའི་དུས་ཚིགས་འཆར་རིམ་བཞིན་འདི་གའི་ལྷོ་མོ་ཚོགས་པས་དགོང་ལྟར་ཉུང་མཐར་ཡང་འཁྲབ་སྟོན་ཐེངས་གཉིས་བྱེད་ཀྱི་ཡོད།

    མེས་པོས་བཞག་པའི“རིག་གནས”འདིས་གྲོང་མིའི་ཡོང་འབབ་མང་དུ་སོང་བ་མ་ཟད། བཀྲ་ཤིས་མཆོད་རྟེན་གྱི་མིང་གྲགས་ཀྱང་ཡུལ་སྐོར་བ་མང་དུ་སོང་བ་དང་བསྟུན་ནས་སྐད་གྲགས་ཆེ་རུ་ཕྱིན་ཡོད། ད་ཆ། བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་དུ་རིམ་རྩིས་བརྒྱབ་ན་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི་1185བྱུང་ཡོད།

    རི་སྔོ་ཆུ་དྭངས་བསྲུངས་པ།

    ད་ལོ་ལོ་43ལ་སླེབས་པའི་སོ་དྲུག་ཤང་ཆ་ཐང་གྲོང་ཚོའི་ཡུལ་མི་ཆུང་བདག་དེ་སྔ་སྨན་རྩྭ་འཐུ་མཁན་ཞིག་ཡིན་པ་དང་ད་ཆ་སྣེ་གདོང་ཆུས་ཀྱི་ཡུལ་མི་མང་པོ་ཞིག་དང་འདྲ་བར“སྐྱེ་ཁམས་སྲུང་སྐྱོང་པར”གྱུར་ཏེ་ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭའི་ནང་ཧུར་ཐག་ཞུགས་ཡོད། ལས་ཀར་ཞུགས་རིང་ཆུང་བདག་གིས་སྡོང་ཕྲུག་འདེམས་སྟངས་དང་། ས་རྒྱུ་ལེགས་བཅོས། ཚན་རིག་དང་མཐུན་པའི་འདེབས་འཛུགས། གཡོག་བྱེད་བྱེད་སྟངས། ནད་འབུ་འགོག་བཅོས་སོགས་ཀྱི་ཤེས་བྱ་ཤེས་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭ་སྤེལ་ཚུན། སྣེ་གདོང་ཆུས་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་འབྲོག་པ་1800ལྷག་ཙམ་དང་མི་ཐེངས་ཁྲི་5ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་པར་འབབ་འཕར་སྒོར་ཁྲི་1200ལྷག་ཙམ་བྱུང་ཡོད།

    “ཕ་ཡུལ་རིམ་བཞིན་སྔོ་ལྗང་དུ་འགྱུར་བ་དང་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་འགྲོ་བ་དང་བསྟུན་ནས་ང་ཚོ་མི་སེར་ཚོའི་སྐྱིད་སྣང་ཆེ་རུ་ཕྱིན་ཡོད”ཅེས་ཆུང་བདག་གིས་བཤད།

    མིག་སྔའི་བར། སྣེ་གདོང་ཆུས་སུ་རིགས་ཁག་གི་རིག་གནས་དང་ཡུལ་སྐོར་ཁེ་ལས་ཁག་61དང་ལས་གཉེར་བ་1000ལྷག་ཙམ་ཡོད། 2024ལོར་རིག་གནས་རོལ་རྩེད་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་1694ཟིན་ཡོད། ལོ་ཧྲིལ་པོར་ཡུལ་སྐོར་བ་མི་ཐེངས་ཁྲི་50.98ལ་སྣེ་ལེན་བྱས་པ་དང་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་9364ཟིན་པ་དེ་དུས་མཚུངས་ལས་52.3%དང་43.84%སོ་སོར་འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།