དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ཉེ་ཆར། ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་དངུལ་དཔར་གྲོང་ཚོས“སྐད་ཡིག་བློ་སེམས་གཅིག་མཐུན། མི་རིགས་བརྩེ་སེམས་མཉམ་དུ་གཏོད”ཅེས་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་གི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེ་དངུལ་དཔར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྣེ་ཁྲིད་བྱས་པ་དང་གྲོང་སྡོད་ལས་དོན་རུ་ཁག་གིས་གཞོགས་འདེགས་ཧུར་ཐག་བྱས་ནས་གྲོང་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད།

    སློབ་ཚན་ཐད་གྲོང་མིའི་ཉིན་རྒྱུན་གྱི་འཚོ་བའི་དགོས་མཁོ་དང་ཟུང་འབྲེལ་བྱས་ཤིང་། ནང་དོན་ལ་རྨང་གཞིའི་རྒྱ་ཡིག་སྒྲ་སྦྱོར་དང་། རྒྱུན་སྤྱོད་ཐ་སྙད། རྒྱུན་གཏན་གྱི་ཁ་བརྡ། སྲིད་ཇུས་དང་ཁྲིམས་སྲོལ་གསལ་འགྲེལ་སོགས་ཚུད་ཡོད། སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་དགེ་རྒན་གྱིས་ལྗོངས་རྣམ་འདྲ་བཟོ་དང་། མཉམ་འགུལ་རོལ་རྩེད། ཆ་སྒྲིག་སྦྱོང་བརྡར་སོགས་ཀྱི་སློབ་ཁྲིད་བྱེད་ཐབས་སྤྱད་པ་མ་ཟད། སློབ་ཚན་གྱི་ནང་དོན་ཐད་ཀྱི་ཉེར་སྤྱོད་རང་བཞིན་དང་སྤྲོ་འཕེལ་རང་བཞིན་ལ་སྣང་ཆེན་བྱས་ཏེ་སློབ་མས་སྦྱོང་འདོད་པ་དང་། ཤེས་སླ་བ། སྤྱོད་ཐུབ་པ་བཅས་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།