ཚོང་གཉེར་དཔལ་འབྱོར་གསོན་ཤུགས་རྒྱས། ཁྲལ་དངུལ་ཞབས་ཞུས་མི་སེམས་དྲོས།
ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཁྲུའུ་ཡིས་གཉེར་སྐྱོང་བྱེད་པོར་ཞབས་འདེགས་ཞུ་བའི་མྱུར་བྲིས།

འདི་ནི་ཁྲལ་དོན་ཁྲུའུ་ཡི་ལས་དོན་པས་ཇ་ཁང་གི་སྦྱིན་བདག་ལ་དྲ་ཐོག་ནས་འཛིན་ཤོག་ལེན་སྟངས་འགྲེལ་བཤད་རྒྱག་བཞིན་པ།

འདི་ནི་ཁྲལ་དོན་ཁྲུའུ་ཡི་ལས་དོན་པས་ཀོག་ཧྥེ་ཁང་གི་ལས་གཏོད་པར་སློབ་ཆེན་སློབ་མའི་ལས་གཏོད་ལ་དཔྱ་ཁྲལ་གཅོག་པའི་སྲིད་ཇུས་ངོ་སྤྲོད་བྱེད་བཞིན་པ།
ཞོགས་པ་ལྷ་སའི་ཇ་ཁང་ཞིག་ནང་མི་ཚོགས་ཀྱི་ཁེངས་ནས་ཚོང་ཧ་ཅང་ཡག་པོ་ཡོད་མོད། འོན་ཀྱང་ཇ་ཁང་གི་སྦྱིན་བདག་ཚེ་རིང་རྡོ་རྗེས་གཉེར་སྐྱོང་བྱེད་པའི་བརྒྱུད་རིམ་ནང་ཁོང་ཚོར་འཕྲད་པའི་དཀའ་ངལ་མང་པོ་བརྗོད་པ་སྟེ། “ང་ཚོ་ནི་ཚོང་ཆུང་ཆུང་རྒྱག་མཁན་ཡིན་པས། འཛིན་ཤོག་དང་ཁྲལ་གྲོན་སྲིད་ཇུས་ཐད་རྒྱུས་མངའ་དེ་ཙམ་མེད་པས། ནོར་འཁྲུལ་ཤོར་ཡོང་སྙམ་གྱི་འདུག”ཚེ་རིང་རྡོ་རྗེའི་སེམས་ཁྲལ་ནི་ཇ་ཁང་གཉེར་མཁན་མང་པོ་ཞིག་གི་སེམས་གཏིང་གི་སྐད་ཆ་རེད།
ས་མཐོའི་ཁྱད་ལྡན་གཉེར་སྐྱོང་བྱེད་པོ་ཆུང་ཆུང་ཡིན་པའི་ཇ་ཁང་ལྟ་བུར་དམིགས་ནས། ཁྲལ་དོན་སྡེ་ཚན་གྱིས“མཛུབ་ཁྲིད་སྒྲུབ་གཉེར་གཞི་གཅིག་ཅན་དང་། རྒྱུན་འཁོར་ཐག་གཅོད་ལེབ་སྙོམས། ཁྲལ་གྲོན་ཞབས་ཞུ་རྣམ་པ་ཅན”བཅས་ཀྱི་བསྡུ་འཇལ་མཉམ་འགུལ་གཉེར་སྐྱོང་ལམ་སྲོལ་རྒྱུན་མཐུད་ལེགས་སུ་བཏང་ནས། སྒྲིག་སྲོལ་དང་མཐུན་པ་དེ་བཀོལ་སྤྱོད་ཆོག་པ་དང་། བརྩི་སྲུང་ཞུ་སླ་བ། ཁུར་པོ་ཡང་བ་བཅས་སུ་འགྱུར་བར་བྱས་ཡོད།
ཤེས་རྟོཌ་བྱུང་བར་གཞིཌ་ན། ད་ལོ་ཚུན། ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཁྲལ་དོན་ཅུས་ཀྱིས་བསྡུ་འཇལ་མཉམ་འགུལ་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན། དྲ་ཐོག་ནས་མི་ཐབས་མཉམ་འགུལ་བསྡོམས་3517བྱས་པ་དེ་དུས་མཚུངས་ལས་89.5%འཕར་ཡོད། ཚེ་རིང་རྡོ་རྗེ་དང་འདྲ་བའི་གཉེར་སྐྱོང་བྱེད་པོ་དེ་བས་མང་བས་སྒྲིག་སྲོལ་དང་མཐུན་པའི་གཉེར་སྐྱོང་གི་སྟབས་བདེ་ལོངས་སུ་སྤྱོད་བཞིན་ཡོད།
ད་ལོའི་ལོ་སྟོད་དུ། ཁྲལ་དོན་ཁྲུའུ་འདིས“དཔལ་འབྱོར་གསར་སྤེལ་གྱི་རིག་ཁྲལ”དང་། གློག་རྡུལ་ཁྲལ་དོན་ཅུས། ཁྲལ་དོན་དང་ཁེ་ལས་འབྲེལ་གཏུག་ཚོགས་པ་སོགས་ཐབས་ལམ་སྣ་ཚོགས་བརྒྱུད། ཁྲལ་འཇལ་མཁན་ཁྲི་1.2ལྷག་ཙམ་གྱི་དོགས་གཞི་ཡོད་པའི་འདྲི་བར་ལན་བཏབ་པ་དང་། རིམ་རྩིས་བརྒྱབ་ན། ཁྲལ་གྲོན་སྲིད་ཇུས་དང་དེ་བཞིན་བཀོལ་སྤྱོད་ཕྱོགས་སྟོན་ཁག་41བརྒྱུད་སྤྲོད་བྱས་ནས་ཁྲལ་འཇལ་མཁན་ཁྲི་6.16ལ་ཕན་པ་ཐོབ་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོའི་ལོ་སྟོད་དུ། ཁྲལ་དོན་ཅུས་དེས་དྲ་ཐོག་ཐབས་ལམ་བརྒྱུད། སྒྲུབ་གཉེར་བྱས་པའི་ལས་སྒོའི་བསྡོམས་འབོར་གྱིས་སྤྱིའི་བདག་སྤྲོད་ལས་སྒོའི་བསྡོམས་འབོར་གྱི་86.57%བཟུང་ནས་དུས་མཚུངས་ལས་33.88%འཕར་ཡོད། དེ་དང་ཆབས་ཅིག “གློག་རྡུལ་ཁྲལ་དོན་ཅུས་གསར་པ་དང་གྲངས་འཛིན་གློག་རྡུལ་འཛིན་ཤོག་གི་ལག་རྩལ་དང་ཉེར་སྤྱོད”ནས་མཐོང་ཐུབ་པའི་དོགས་གཞི་ཡོད་པའི་འདྲི་བར་ལན་འདེབས་ཐད་གཏོང་ཐེངས་2བྱས་པར་དྲ་ཐོག་ནས་ལན60ལྷག་ཙམ་བརྒྱབ་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།