དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སློབ་གྲྭ་ཆེ་མོ་བའི་ལས་གཏོད་པ་སྐལ་རྣམ་གྱིས།

    “ཕ་ཡུལ་གྱིས་ང་ལ་ལས་གཏོད་ཀྱི་ལས་གནས་དང་གོ་སྐབས་བསྐྲུན་བྱུང”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ནག་ཆུ་གྲོང་ཁྱེར་སོག་རྫོང་གི་སློབ་གྲྭ་ཆེ་མོ་བ་སྐལ་རྣམ་གྱིས་ལས་གཏོད་ཀྱི་ཕུགས་འདུན་བཅངས་བཞིན་དུ་ཐམ་ག་བཟོ་བའི་ལས་སྒོ་ཆུང་ཆུང་ཞིག་ནས་ད་ཆ་ལོའི་ཡོང་འབབ་སྒོར་ཁྲི་200ལྷག་ཙམ་ཟིན་པའི་བོད་ལྗོངས་ཕོ་གསར་རླངས་འཁོར་བོགས་གཏོང་ཚད་ཡོད་ཀུང་སི་བཙུགས་པའི་བར། ཁོང་གི་བྱ་གཞག་ལེགས་གྲུབ་བྱུང་བ་དེ་ཐོག་ནས་སོག་རྫོང་གི་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཕན་འབྲས་ཡག་པོ་ཐོན་ཡོད།

    སྐལ་རྣམ་གྱིས་གསར་འགོད་པར“ཕ་ཡུལ་གྱིས་ང་ལ་ལས་གཏོད་ཀྱི་ལས་གནས་དང་གོ་སྐབས་བསྐྲུན་བྱུང”ཞེས་བཤད་པ་དང་སོག་རྫོང་གིས་སློབ་གྲྭ་ཆེ་མོ་བར་དམིགས་པའི་ཕ་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་གཟིགས་སྐྱོང་སྲིད་ཇུས་ལ་བརྟེན་ནས་ཁོང་གིས་སོག་རྫོང་གི་སྲིད་འཛིན་ཞིབ་མཆན་འགོད་པ་དང་དམངས་ཕན་ཞབས་ཞུ་ཅུས་ཀྱི་སྲིད་དོན་ཞབས་ཞུའི་ཚོམས་ཆེན་གྱི་ཐམ་ག་བཟོ་བའི་ལས་སྒོ་ནས་ཉམས་མྱོང་གསོག་འཇོག་བྱས་ཏེ་ལས་ཀ་དཀྱུས་མ་དེ་ནི་ཁོང་གིས་གཞི་རིམ་གྱི་དགོས་མཁོ་གསལ་པོ་ཤེས་པའི་ཐབས་མཆོག་ཤིག་ཏུ་གྱུར་ཡོད།

    ཐམ་ག་བཟོ་བའི་ལས་སྒོ་གཉེར་རིང་། སྐལ་རྣམ་གྱིས་གྲོང་སྡོད་ལས་བྱེད་པ་རྟག་ཏུ་གྲོང་ཚོར་བརྟག་ཞིབ་ཏུ་འགྲོ་བ་དང་འཕྲལ་སྡོམ་བཀོད་སྒྲིག་སྐབས་རླངས་འཁོར་ཁ་ཐང་བའི་དཀའ་གནད་ཤེས་རྟོགས་བྱུང་བ་རེད། སོག་རྫོང་གིས་གྲོང་སྡོད་རླངས་འཁོར་བོགས་གཏོང་གི་སྲིད་ཇུས་ཁྱབ་གདལ་བཏང་རྗེས་སྐལ་རྣམ་གྱིས་སྐབས་དེ་དང་བསྟུན་ནས་བོད་ལྗོངས་ཕོ་གསར་རླངས་འཁོར་བོགས་གཏོང་ཚད་ཡོད་ཀུང་སི་བཙུགས། མིག་སྔར། ཀུང་སི་དེས་སོག་རྫོང་གཡག་ལ་གྲོང་རྡལ་སོགས་ཤང་དང་གྲོང་རྡལ་བཞི་ཡི་གྲོང་སྡོད་གཞུང་དོན་ཁང་དང་རླངས་འཁོར་སྤྱོད་པའི་མཉམ་ལས་བཞག་པས་ཡུལ་དེའི་གཞི་རིམ་གྱི་ཕྱིར་སྐྱོད་དཀའ་ངལ་ནུས་ལྡན་བསལ་བ་རེད།

    གཡག་ལ་གྲོང་རྡལ་དུ། འཆམ་གཞུང་གྲོང་ཚོའི་གྲོང་སྡོད་ལས་བྱེད་པ་ཧན་ཕེང་གིས“ཕྱོགས་གསུམ་པས་འཁོར་རིགས་མཁོ་འདོན་བྱས་སྟབས་ང་ཚོའི་ཕྱིར་སྐྱོད་ཀྱི་བདེ་འཇགས་ལ་འགན་སྲུང་ཐུབ་པ་མ་ཟད། ད་དུང་རླངས་འཁོར་བོགས་གཏོང་ཀུང་སིས་དུས་ཐོག་ཏུ་རླངས་འཁོར་བརྗེ་བ་དང་དུས་བཀག་ལྟར་ཞིབ་བཤེར་བྱས་ཁར་ཁ་ལོ་བའི་ལག་རྩལ་ཡང་བྱང་ཆུབ་པོ་འདུག་པས་ང་ཚོ་ཕྱིར་སྐྱོད་པར་འགན་ལེན་འདུག་ལ་རླངས་འཁོར་སྤྱོད་སྐབས་བློ་ཡང་བདེ་པོ་འདུག”ཅེས་བཤད།

    སོག་རྫོང་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་འོག གཡག་ལ་གྲོང་རྡལ་གྱི་གྲོང་སྡོད་གཞུང་ལས་ཁང་གིས་རླངས་འཁོར་བོགས་གཏོང་ཀུང་སི་དང་མཉམ་ལས་བྱས་ཏེ། “སོག་ཤོད་ཕྱིར་སྐྱོད”ཀྱི་བྱ་རིམ་ཆུང་ངུ་ཁྱབ་གདལ་བཏང་ནས་རླངས་འཁོར་སྤྱོད་པའི་ལས་སྒོ“ཁ་པར་བརྒྱབ་སྟེ་ཁ་ཆད་བྱེད་པ”ནས“དྲ་ཐོག་ནས་རེ་ཞུ་བྱེད་པའི”བར་ཕྱོགས་སྒྱུར་རིམ་སྤོར་བྱུང་ཡོད། གྲངས་འཛིན་ཅན་གྱི་གསར་གཏོད་དེས་རླངས་འཁོར་སྤྱོད་པའི་ཕན་འབྲས་ཆེ་རུ་ཕྱིན་པ་མ་ཟད། གཞི་རིམ་གྱི་རླངས་འཁོར་ཚད་ལྡན་ངང་སྤྱོད་པར་ཡང་སྐུལ་འདེད་བཏང་ཡོད།

    གཡག་ལ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་གཞོན་པ་སྤེན་པ་དོན་གྲུབ་ཀྱིས་གསར་འགོད་པར“སོག་ཤོད་ཕྱིར་སྐྱོད”ཀྱི་བྱ་རིམ་ཆུང་ངུ་བརྒྱུད་རླངས་འཁོར་ཚང་མའི་བཀོལ་སྤྱོད་རེ་ཞུ་དང་། ཞིབ་མཆན་བརྒྱུད་རིམ། འགྲོ་སྐྱོད་བཤུལ་ལམ་སོགས་ཚང་མ་དུས་ཐོག་ཏུ་ཁུངས་འདེད་ཐུབ་ནས་འཁོར་རིགས་ཚང་མའི་འགུལ་རྣམ་ཁོང་དུ་གསལ་པོ་ཆུད་དེ“ངོ་སོའི་རླངས་འཁོར”དང“རླངས་འཁོར་སྒེར་སྤྱོད”ཀྱི་གནས་ཚུལ་བཀག་འགོག་ཐུབ་པ་མ་ཟད། ཚད་ལྡན་མིན་པའི་རླངས་འཁོར་སྤྱོད་པའི་བྱེད་སྤྱོད་འཕྲལ་དུ་ཤེས་རྟོགས་དང་ཡོ་བསྲང་བྱེད་ཐུབ་ཅེས་བཤད།

    མིག་སྔར། བོད་ལྗོངས་ཕོ་གསར་རླངས་འཁོར་བོགས་གཏོང་ཚད་ཡོད་ཀུང་སིའི་ལས་སྒོ་རྒྱ་སྐྱེད་དང་བརྟན་པོ་བྱུང་བ་དང་ཐམ་ག་བཟོ་བ་དང་རླངས་འཁོར་བོགས་གཏོང་གི་ལོའི་ཡོང་འབབ་སྒོར་ཁྲི་235ཟིན་ཡོད། ད་ལོ་སྐལ་རྣམ་གྱིས་སླར་ཡང་ཁྲོམ་རའི་དགོས་མཁོར་གཞིགས་ཏེ། ལག་བརྒྱུད་རླངས་འཁོར་གྱི་ཞབས་ཞུའི་ས་ཚིགས་གསར་དུ་བཙུགས། གླེང་རིན་ཡོད་པ་ཞིག་ལ་ཀུང་སི་དེའི་ལས་བཟོ་14ཡི་ཁྲོད་གསུམ་ནི་ཁོང་དང་འདྲ་བར་ཕ་ཡུལ་དུ་ལོག་པའི་སློབ་གྲྭ་ཆེ་མོ་བ་རེད།

    སྐལ་རྣམ་གྱིས“སོག་རྫོང་གིས་ཤེས་ལྡན་པ་གཅིག་འདུས་དང་། གྲངས་འཛིན་གྱིས་མཐུན་རྐྱེན་སྦྱོར་བ། གྲོང་གསེབ་དར་རྒྱས་བཅས་ཀྱི་གོ་སྐབས་ལས་ང་ཚོར་ལས་གཏོད་ཀྱི་གར་སྟེགས་ཡག་ཤོས་བསྐྲུན་ཡོད། དེས་ན་རང་ཉིད་ཀྱིས་སྒྲུབ་ཐུབ་པ་ནི་ལས་ཞུགས་གོ་སྐབས་དེ་བས་མང་བ་བཏོད་དེ་ཡུལ་མི་དེ་བས་མང་བས་ཡོང་འབབ་གསོག་ཐུབ་པ་དང་ཕ་ཡུལ་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་རྒྱུ་དེ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།