དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ།

    འབབ་འཕར་གྱི་ཐབས་ལམ་གསར་པ་གཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    “ནན་ཀྭ་འདིར་རྒྱ་མར་302འདུག”

    སྟོན་དུས་ཀྱི་སྔ་དྲོ་ཞིག་ལ། མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་གླིང་ཁུལ་གྱི་ལག་རྩལ་འགན་འཁུར་བ་མོང་ཏེ་ལི་དང་ལས་དོན་པས་མཉམ་དུ་ནན་ཀྭ་ཆེན་པོ་དེའི་ལྗིད་ཚད་རྒྱ་མར་བཀྱགས་རྗེས་དེའི་ལྗིད་ཚད་ལ་མི་རྣམས་ཧང་སངས་པ་རེད།

    དེར་བརྟེན་མོང་ཏེ་ལིས་སྤོབས་པ་ཆེན་པོས“ང་ཧྲན་ཏུང་ཞིང་ཆེན་ཧྲོའུ་ཀོང་གྲོང་ཁྱེར་ནས་ཡོང་བ་ཡིན། ཧྲོའུ་ཀོང་གི་སྔོ་ཚལ་རྒྱལ་ཡོངས་སུ་སྐད་གྲགས་ཡོད་པ་མ་ཟད། ནན་ཀྭ་འདེབས་རྩལ་ཡང་བྱང་ཆུབ་པོ་ཡོད། 2016ལོར། ངས་སྔ་རྗེས་སུ་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དང་ཁང་དམར་རྫོང་སོགས་སུ་སྔོ་ཚལ་དང་ཤིང་འབྲས་བཏབ་ནས་ས་མཐོར་སྔོ་ཚལ་དང་ཤིང་འབྲས་འདེབས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་པ་ཡིན། 2025ལོའི་ཟླ་4པར། ང་མལ་གྲོ་གུང་དཀར་རྫོང་དུ་ཡོང་ནས་དེ་གའི་མང་ཚོགས་ལ“ཧྲོའུ་ཀོང་གི་བྱ་ཐབས”དང“ཧྲོའུ་ཀོང་གི་ལག་རྩལ”བསླབས་ནས་ཉིན་ལྟར་སྔོ་ཚལ་བཟའ་རྒྱུ་ཡོད་པ་དང་ཟླ་རེར་མེ་ཏོག་སྣ་ཚོགས་ཀྱི་ངོ་མཚར་བལྟ་རྒྱུ་ཡོང་རེ་བྱས་པ་ཡིན”ཞེས་བཤད།

    2017ལོར་སྐྲུན་འགོ་ཚུགས་པའི་མལ་གྲོ་གུང་དཀར་རྫོང་དེང་རབས་ཞིང་ལས་དཔེ་སྟོན་གླིང་དེ་ད་ཆ་ལྷ་ས་གྲོང་ཁྱེར་རིམ་པའི་ཞིང་ལས་དཔེ་སྟོན་གླིང་དུ་གྱུར་ཡོད། གླིང་ཁུལ་དུ་དྲོད་ཁང་གསར་པ་80དང་དྲོད་ཁང་རྙིང་པ་50དང་དེ་བཞིན་དེང་རབས་ཅན་གྱི་གྲང་མཛོད་སོགས་ལྷན་སྦྱར་སྒྲིག་བཀོད་བསྐྲུན་ཞིང་། མིག་སྔར་ས་ཁྱོན་མུའུ་658.58ནས་ལོ་རེར་ཤིང་ཏོག་དང་སྔོ་ཚལ་ཐོན་ཚད་ཏུན་550ཟིན་ནས་ཐོན་ཚད་རིན་ཐང་སྒོར་ཁྲི་450ཟིན་པ་དང་། ཁྲེ་ལི་ཙེ་དང་། ནན་ཀྭ་སོགས་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་17བཏབ་པས“མལ་གྲོའི་ཤིང་འབྲས་དང་སྔོ་ཚལ”གྱིས་ས་མཐོའི་མང་ཚོགས་ཀྱི“ཤ་ཚལ་སྒོང”གསུམ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ཀྱི་མིང་བྱང་དུའང་གྱུར་ཡོད།

    མོང་ཏེ་ལིས་ངོ་སྤྲོད་བྱས་དོན། “ཉ་དང་སྔོ་ཚལ་མཉམ་གནས་ཁུལ”ནི་ཆུ་ཐོན་གསོ་ཚགས་དང་ཆུ་གསོ་འདེབས་འཛུགས་ཟུང་འབྲེལ་གྱི་སྐྱེ་ཁམས་ཞིང་ལས་རྣམ་པ་ཞིག་ཡིན། ཆུ་འཁོར་རྒྱུག་བརྒྱུད“ཉ་གསོ་བར་ཆུ་བརྗེ་མི་དགོས་པ་དང་སྔོ་ཚལ་འདེབས་པར་ལུད་རྒྱག་མི་དགོས་པའི”མཐུན་སྦྱོར་ཕན་ནུས་མངོན་འགྱུར་བྱུང་བས་ལྗང་མདོག་དང་སྦགས་བཙོག་མེད་པ་མ་ཟད། ད་དུང་ཆུ་90%གྲོན་ཆུང་ཐུབ་པས། “ཉ་ཡིས་ལུད་གསོག་པ་དང་། ཚལ་གྱིས་ཆུ་གཙང་མ་བཟོ་བ། ཆུས་ཉ་གསོ་བ”བཅས་འཁོར་རྒྱུག་བྱུང་བས་ཉ་ཤ་དེ་བས་ཞིམ་པ་དང་སྔོ་ཚལ་དེ་བས་སོས་པ་ཡོང་གི་ཡོད་པ་རེད།

    ཚན་རྩལ་གྱིས་ཞིང་ལས་ལ་འདེགས་སྐྱོར་བྱས་པ་དང་བློ་གྲོས་ཀྱིས་འབྱུང་འགྱུར་ལ་སྣེ་ཁྲིད་བྱས་ཤིང་། གླིང་ཁུལ་དེས“ཉ་དང་སྔོ་ཚལ་མཉམ་གནས”ཀྱི་དེང་རབས་ཞིང་ལས་རྣམ་པ་སྤྱད་པར་བརྟེན་ས་ཞིང་གི་ཐོན་རྫས་མང་དུ་ཕྱིན་པ་མ་ཟད། ཞིང་ལས་དེ“ཞིང་ཁ་འདེབས་ཤེས་པ”ནས“བློ་རིག་ཞིང་འདེབས”ཕྱོགས་སུ་བསྒྱུར་ནས་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་བསྣན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། གླིང་ཁུལ་གྱིས་ཉིན་ལྟར་གཏན་འཇགས་ལས་གནས་55མཁོ་འདོན་བྱེད་པ་དང་ས་ཞིང་བརྒྱུད་བཤུག་དང་ངལ་རྩོལ་ལས་མི་སྤྱོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་མཐའ་འཁོར་གྱི་མང་ཚོགས་དུད་ཚང་54འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།