དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-07

    ཟླ་11ཚེས་5ནས་10ཉིན་བར། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་པ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས(ཧྲང་ཧའེ)སུ་འཚོག་རྒྱུ་ཡིན་པ་དང་། རང་ལྗོངས་ཀྱིས“ཀྲུང་ནེའི་མཛའ་གྲོགས། དར་ལམ་སེམས་མཐུན། འབྱུང་འགྱུར་ཚོང་འབྲེལ”བརྗོད་དོན་གཙོ་བོར་བྱས་ནས“རྒྱལ་སྤྱིའི་མཛའ་གྲོགས་གྲོང་ཁྱེར”གྱི་མཐོང་ཚོར་གསར་པ་ནས་འགྲེམས་ཚོགས་ལ་ཐེངས་དང་པོར་ཞུགས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲའོ་ཕེང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ་འགྲེམས་སྟོན་ལ་སྐོར་གཟིགས་ཀྱང་གནང་བ་རེད།

    བོད་ལྗོངས་འགྲེམས་ཁང་དུ་སྐོར་སྐྱོད་འགྲེམས་སྟོན་བྱེད་རིང་། ཀྲའོ་ཕེང་འགྲེམས་གནས་རེ་རེར་ཕེབས་སྐབས་དེ་གའི་འགྲེམས་ཞུགས་ཁེ་ལས་དང་སྤེལ་རེས་གཏིང་ཟབ་གནང་བ་མ་ཟད། ད་དུང་ཁེ་ལས་ཚོའི་འགྲེམས་ཞུགས་གནས་ཚུལ་ཞིབ་ཕྲ་དང་དེ་བཞིན་གཉེར་སྐྱོང་འཕེལ་རྒྱས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རིག་གནས་དང་། སྤུས་རྟགས། སྤེལ་རེས། ཚོང་དོན་སོགས་མཐོང་ཟུར་མང་པོར་དམིགས་ནས་མཉམ་འགུལ་འགྲེམས་འཁྲབ་དང་། སྤུས་རྟགས་ཁྱབ་བསྒྲགས། ཐོན་རྫས་འགྲེམས་ཚོང་སོགས་རྣམ་པ་སྣ་ཚོགས་བརྒྱུད་ཁེ་ལས་13དང་འགྲེམས་དངོས་ཆིག་སྟོང་ལྷག་ཐེངས་འདིའི་ནང་འདྲེན་འགྲེམས་ཚོགས་ལ་ཞུགས་སུ་བཅུག་པ་ལས། བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེན་པོ་དང་གཡུར་ཟའི་གྲུབ་འབྲས་མངོན་ཡོད། ཀྲའོ་ཕེང་གིས། འགྲེམས་ཞུགས་ཁེ་ལས་ཁག་གིས་ནང་འདྲེན་འགྲེམས་ཚོགས་ཀྱི་རྒྱལ་སྤྱིའི་ཉོ་སྒྲུབ་དང་། མ་འཇོག་སྐུལ་སྤེལ། མི་ཆོས་རིག་གནས་སྤེལ་རེས། སྒོ་དབྱེ་མཉམ་ལས་བཅས་ཀྱི“ལས་སྟེགས་ཆེན་པོ་བཞི”བེད་སྤྱོད་གང་ལེགས་ཀྱིས་དཔལ་འབྱོར་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ་དང་རིག་གནས་སྤེལ་རེས་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་ནས། བོད་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་ཕུན་སུམ་ཚོགས་པའི་ཐོན་ཁུངས་ཀྱི་གཏིང་ཤུགས་ཁྱོན་ཡོངས་ནས་མངོན་པར་བྱས་ཏེ། རྒྱལ་སྤྱིའི་མ་འཇོག་མཁན་དེ་བས་མང་པོའི་ཡིད་དབང་བཀུག་ནས། རང་ལྗོངས་ཀྱི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རམ་འདེགས་ཀྱིས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གསོན་ཤུགས་གསར་པ་འཕེལ་བར་བྱས་ནས། བོད་ཀྱི་དེ་བས་འོད་སྟོང་འབར་བའི་འབྱུང་འགྱུར་མཉམ་དུ་གཏོད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།