ལྗོངས་ཕྱིའི་སྨྱན་སྦྱོར་ཉམས་བཟང་དོད། བོད་ཀྱི་གཏམ་རྒྱུད་གླེང་བར་མཁས།
2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་མཇུག་འགྲིལ་རྗེས། གསར་འགོད་པ་ལས་གྲུབ་པའི་བཅར་འདྲི་ཚོགས་པ་མུ་མཐུད་ལྷོ་ཁ་དང་ལྷ་ས་སོགས་སུ་བསྐྱོད་ནས་དུས་ཡུན་ཉིན་ལྔ་ཡི་གཅིག་སྡུད་གསར་འགྱུར་བཅར་འདྲིའི་ནང་དོན་འཚོལ་བསྡུ་བྱས་ཏེ། ས་གནས་དེ་གའི་མི་ཆོས་རིག་གནས་དང་ཡུལ་སྲོལ་དང་། གྲོང་གསེབ་དར་རྒྱས། སྐྱེ་ཁམས་སྲུང་སྐྱོང་སོགས་དངོས་སུ་ཉམས་ལེན་དང་ཤེས་རྟོགས་བྱས་པ་རེད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་སླེབས་རྗེས་བོད་བཟོའི་དམངས་སྲོལ་གནས་ཚང་དུ་བསྐྱོད་དེ་ཡུལ་མིས་བརྗོད་པའི་ཡུལ་སྐོར་འཕེལ་རྒྱས་ལས་བྱུང་བའི་ཡོང་འབབ་འཕར་བའི་སྐོར་གྱི་གཏམ་རྒྱུད་ཉན་པ་དང་། ཀོང་པོ་རྒྱ་མདའ་རྫོང་མཚོ་མགོ་ཤང་བྱེ་པ་གྲོང་ཚོར་གསར་འགོད་པ་ཚོས་པར་ཆས་ཁྱེར་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་གྱི་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་ཟིན་ཐོར་བཀོད་པ་སོགས། ས་ཆ་རེ་རེར་སླེབས་རིམ་བཞིན་གསར་འགོད་པ་ཚོས་བོད་ཀྱི་འཕེལ་རྒྱས་ཀྱི་འགྱུར་ལྡོག་ངོ་མ་ཟིན་ཐོར་བཀོད་པ་རེད།
“མ་ཐོན་གོང་ནས་ངས‘བོད་ཀྱིས་སྲུང་སྐྱོང་གི་ཁྲོད་དུ་འཕེལ་རྒྱས་ཇི་ལྟར་གཏོང་གི་ཡོད་དམ’ཞེས་པའི་འདྲི་གཞིར་བསམ་བློ་གཏོང་བཞིན་ཡོད། གླེང་སྟེགས་ཀྱི་སྲིད་ཇུས་གསལ་འགྲེལ་དང་ཉིན་འདི་དག་རིང་གི་ས་ཡུལ་དངོས་ཀྱི་མཐོང་ཐོས་ལས་ང་ལ་ལན་གསལ་པོ་ཞིག་རྙེད་བྱུང”ཞེས་ཀྲུང་གོ་དྲ་བའི་གསར་འགོད་པ་ལེང་ཁྲེན་ལ་བཅར་འདྲིའི་རིང་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཡིན་པས། གངས་ལྗོངས་ས་མཐོའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་ཕྱིན་པ་ནས་དམངས་འཚོའི་བདེ་རྩ་ཆེ་རུ་ཕྱིན་པའི་བར་དང་། སྐྱེ་ཁམས་སྲུང་བཅད་བརྟན་དུ་ཕྱིན་པ་ནས་ཁྱད་ལྡན་ཐོན་ལས་དར་རྒྱས་ཕྱིན་པའི་བར་གྱི་འགྱུར་ལྡོག་ཚང་མ་ཟིན་བྲིས་འགོད་རིན་འདུག ད་ཐེངས་ཀྱི་མཐོང་ཐོས་མྱོང་གྲུབ་རྣམས་རིམ་སྤེལ་གནས་ཚུལ་འགོད་སྤེལ་བྱས་ཏེ་མི་དེ་བས་མང་པོ་ཞིག་ལ་འཕེལ་རྒྱས་འགྲོ་བཞིན་པའི་བོད་ལྗོངས་ཇི་མ་ཇི་བཞིན་མཐོང་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།
འབྲེལ་ཡོད་གསར་འགྱུར།