མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ།
ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས་26པ་འཆར་ཉེའི་མཚམས་ཀྱི་ ཟླ་11ཚེས་4ཉིན། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས་མཛུབ་ཁྲིད་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་བོད་ལྗོངས་གསར་འགོད་པའི་མཐུན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ལྷ་སར་སློབ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་གསུམ་ཡིན་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། བོད་ལྗོངས་གསར་འགོད་པའི་མཐུན་ཚོགས། དེ་བཞིན་ལྗོངས་ཡོངས་ཀྱི་གསར་འགྱུར་ཚན་པ་བཅས་ཀྱི་འབྲེལ་ཡོད་མི་སྣ་200ཙམ་ས་གནས་ས་ཐོག་ཏུ་གསོ་སྦྱོང་ལ་ཞུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་ལ་སྨྱན་སྦྱོར་གསར་པའི་དུས་རབས་ཀྱི་གསར་འགྱུར་ལས་དོན་པའི་འཇོན་ཐང་དང་དགོས་མཁོར་དམ་པོར་དམིགས་ནས་རྒྱལ་ནང་གི་གསར་འགྱུར་ཁྱབ་ཁོངས་ཀྱི་དབང་གྲགས་ལྡན་པའི་རིགས་གཅིག་མཁས་ཅན་གདན་དྲངས་ནས་སློབ་ཚན་ཆེད་མངགས་བཀོད་སྒྲིག་བྱས་ཤིང་། རིགས་གཅིག་མཁས་ཅན་ཚོས“མར་ཁེ་སི་རིང་ལུགས་ཀྱི་གསར་འགྱུར་ལྟ་བའི་ལག་ལེན”དང“སྨྱན་སྦྱོར་གསར་པའི་གསར་འགོད་པའི་བྱང་ཚད” “བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཀྱི་གཞུང་འཁྱོངས་གསར་འབྱེད”སོགས་ལྟེ་བའི་བརྗོད་དོན་ལ་གཙོ་བོར་དམིགས་ནས་སློབ་ཚན་ཁྲིད་དེ། གསར་འགྱུར་ལས་དོན་གྱི“བསམ་བློའི་ཕྱོགས་སྟོན་མ་ལག”ལ་གསལ་འགྲེལ་བྱས་པ་མ་ཟད། སྨྱན་སྦྱོར་གསར་པའི་གནས་ཚུལ་འགོད་སྤེལ་དང་ནང་དོན་བེད་སྤྱོད་ཀྱི“དངོས་འཐབ་ཐབས་རྩལ”ཡང་བསླབས་ནས་ལྗོངས་ཡོངས་ཀྱི་གསར་འགྱུར་ལས་དོན་པས་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བརྗོད་པར་རོགས་རམ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།