སྐབས་35པའི་ཀྲུང་གོའི་གསར་འགྱུར་བྱ་དགའི་དཔྱད་འདེམས་འབྲས་བུ་ཡོངས་བསྒྲགས་བྱས་པ།
ཀྲུང་ཧྭ་རྒྱལ་ཡོངས་གསར་འགྱུར་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་35པའི་ཀྲུང་གོའི་གསར་འགྱུར་བྱ་དགའི་དཔྱད་འདེམས་འབྲས་བུ་ཚེས་5ཉིན་ཡོངས་བསྒྲགས་བྱས་པ་རེད། རིམ་པ་ཁག་དང་རིགས་ཁག་གི་སྨྱན་སྦྱོར་གྱི་བརྩམས་ཆོས་377ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་ཐོབ་པ་དང་། དེའི་ནང་དམིགས་བསལ་བྱ་དགའ་4དང་། རིམ་པ་དང་པོའི་བྱ་དགའ་74 རིམ་པ་གཉིས་པའི་བྱ་དགའ་113 རིམ་པ་གསུམ་པའི་བྱ་དགའ་186བཅས་ཡོད་པ་རེད། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་རིམ་སྤེལ་གནས་འཕྲིན《སེམས་ནང་གི་ས་མཐོ》ཞེས་པར་རིམ་པ་གསུམ་པའི་བྱ་དགའ་ཐོབ་པ་རེད།
འབྲེལ་ཡོད་གསར་འགྱུར།