དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་སྒོ་ཕྱེ་བར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པར་ཀྲུང་གོ་དང་ཨེ་ཅིབ་ཀྱི་མི་སྣའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2025-11-06

    ཟླ་11ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤིས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་སྒོ་ཕྱེ་བར་རྟེན་འབྲེལ་ཞུས་པ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། མིག་སྔར་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་མགྱོགས་མྱུར་འགྲོ་བཞིན་ཡོད་པས། གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཆེན་པོ་ཀྲུང་གོ་དང་ཨེ་ཅིབ་གཉིས་ཀྱིས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མུ་མཐུད་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཀྲུང་གོ་དང་ཨེ་ཅིབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་ཟམ་མི་ཆད་པར་བསྣན་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་ཤེས་དཔལ་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་ཀྲུང་གོ་དང་ཨེ་ཅིབ་ཀྱི་མི་སྣ་ཚོས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཤེས་དཔལ་སྤེལ་རེས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་པ་མ་ཟད། རྒྱལ་ཁབ་གཉིས་པོས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་རྒྱུན་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བར་ཁ་ཕྱོགས་གསལ་སྟོན་དང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད།

    ཨེ་ཅིབ་ཀྱི་ཆེས་མཐོའི་རིག་དངོས་ཨུ་ལྷན་གྱི་དྲུང་ཆེ་མུའུ་ཧན་མོ་ཏེ·དབྱི་སི་མེར·ཧ་ལི་ཏེས། ཨེ་ཅིབ་དང་ཀྲུང་གོས་གནའ་རྫས་རྟོག་ཞིབ་སྔོག་འདོན་དང་། རིག་དངོས་སྲུང་སྐྱོབ། མི་ཆོས་རིག་གནས་སྤེལ་རེས་སོགས་ཁྱབ་ཁོངས་སུ་མཉམ་ལས་དམ་ཟབ་བྱས་ཡོད། དེའི་ཁྲོད་ཀྱི“གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འགྲེམས་སྟོན་ཆེན་པོ”ནི་ཉེ་བའི་ལོ་20ཡི་རིང་ཨེ་ཅིབ་ཀྱིས་འཛམ་གླིང་ཁྱབ་ཁོངས་སུ་གཉེར་བའི་རྒྱལ་མཚམས་སྒྲོལ་བའི་གཞི་ཁྱོན་ཆེ་ཤོས་ཀྱི་འགྲེམས་སྟོན་གྱི་གྲས་ཤིག་ཡིན་པ་དང་། དེ་ལས་ཀྲུང་གོའི་མི་དམངས་ཀྱིས་གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་སྔར་བས་ཤེས་རྟོགས་ཐུབ་ཡོད། “ང་ཚོས་ཨེ་ཅིབ་དང་ཀྲུང་གོའི་མཉམ་ལས་མུ་མཐུད་ཟབ་ཏུ་བཏང་སྟེ་ཤེས་དཔལ་གླེང་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་ཐུབ་ཚད་ཟབ་ཏུ་འགྲོ་བའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འགྲེམས་སྟོན་ཆེན་པོ”2024ལོའི་ཟླ་7པ་ནས་ད་ལོའི་ཟླ་8པའི་བར་སྤྱི་དམངས་ལ་སྒོ་ཕྱེ་རིང་། ལྟད་མོ་བ་མི་ཐེངས་ཁྲི་277ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། འགྲེམས་སྟོན་གྱི་དབུ་བཞུགས་འཆར་འགོད་པ་དང་ཀྲུང་གོ་དང་ཨེ་ཅིབ་ཀྱི་སཱ་ཁ་ལཱ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རྣམ་གྲངས་ཀྱི་རིག་གཞུང་གཙོ་སྐྱོང་པ་ཡན་ཧའེ་དབྱིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ལས་ཀྲུང་གོ་དང་ཨེ་ཅིབ་ཀྱིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་དང་མི་ཆོས་རིག་གནས་སྤེལ་རེས་སོགས་ཀྱི་མཉམ་ལས་ལ་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་བསྣན་ཡོད་ཅེས་བརྗོད་ཅིང་། ཁོང་གིས“གནའ་བོའི་ཨེ་ཅིབ་ཀྱི་ཤེས་དཔལ་འགྲེམས་སྟོན་ཆེན་པོ”གཉེར་བ་བརྒྱུད་ཀྲུང་གོའི་གཞོན་ནུ་དེ་བས་མང་བ་ཀྲུང་གོ་དང་ཨེ་ཅིབ་ཀྱི་གནའ་རྫས་རྟོག་ཞིབ་སྤེལ་རེས་ནང་ཞུགས་ནས་གནའ་བོའི་ཤེས་དཔལ་གྱི་བློ་གྲོས་ལ་ཞིབ་འཇུག་བྱས་ཏེ། རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ལ་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད།

    ཨེ་ཅིབ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨ་ལི·ཤིས་ཧྥུའུ་ཉི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་བཏོན་ནས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་པ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། ཤེས་དཔལ་རྒྱུན་འཛིན་དང་གསར་གཏོད་ལ་མཐོང་ཆེན་བྱེད་པ། རྒྱལ་སྤྱིའི་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་འབོད་སྐུལ་གནང་ཡོད། ཨེ་ཅིབ་དང་ཀྲུང་གོའི་དབར་རིག་གནས་སྤེལ་རེས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པས། རྒྱལ་ཁབ་གཉིས་པོས་འབྲེལ་ཡོད་ཁྱབ་ཁོངས་སུ་ཕན་ཚུན་སྤེལ་རེས་གཏིང་ཟབ་བྱས་ཏེ་ཨེ་ཅིབ་དང་ཀྲུང་གོའི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ལེའུ་གསར་པ་རྩོམ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད།

    མིག་སྔར་ཨེ་ཅིབ་ཏུ“ཀྲུང་གོའི་རིག་གནས་ཀྱི་ཚ་རླབས”དང“རྒྱ་ཡིག་གི་ཚ་རླབས”འཕྱུར་བཞིན་ཡོད། རྒྱ་ཡིག་ཨེ་ཅིབ་ཀྱི་རྒྱལ་དམངས་སློབ་གསོའི་མ་ལག་ནང་བཞག་ཟིན་ཞིང་། མིག་སྔར། ཨེ་ཅིབ་ཀྱི་མཐོ་སློབ་30ལྷག་ཙམ་གྱིས་རྒྱ་ཡིག་ཚན་ཁག་བཙུགས་པའམ་ཡང་ན་རྒྱ་ཡིག་སློབ་ཚན་ཁྲིད་པ་དང་སློབ་འབྲིང་40ལྷག་ཙམ་གྱིས་རྒྱ་ཡིག་འདེམས་སྦྱོང་སློབ་ཚན་དུ་བྱེད་ཀྱི་ཡོད། རྒྱལ་ཁབ་གཉིས་པོས་ཨེ་ཅིབ་ཏུ“སྤྲོ་སྣང་ལྡན་པའི་དཔྱིད་གསར”དང་། “ཇ་སྟོན་བཤམས། གནམ་འོག་མཐུན”“ཀྲུང་གོའི་གློག་བརྙན་གཟའ་འཁོར”“རྒྱལ་སྤྱིའི་རྒྱ་ཡིག་ཉིན་མོ”“གླེང་མོལ·འདོད་འདུན་གྲོགས་མཆོག རོལ་དབྱངས་ལ་བརྟེན་ནས་འཛམ་གླིང་དང་འབྲེལ་མཐུད”སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོ་རབ་དང་རིམ་པ་གཉེར་བར། ས་གནས་དེ་གའི་ལས་རིགས་ཁག་གི་དོ་ཁུར་དང་དགའ་བསུ་རྒྱ་ཁྱབ་ཐོབ་ཡོད།

    ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་ནི་མིག་སྔར་འཛམ་གླིང་ཐོག་གི་ཤེས་དཔལ་རྐྱང་པའི་རྟེན་མཛོད་ཁང་ཆེ་ཤོས་ཡིན་པ་དང་ཟླ་11ཚེས་1ཉིན་དངོས་སུ་སྒོ་ཕྱེ་ཞིང་། རྟེན་མཛོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་50ཙམ་ཡོད་པ་དང་རིག་དངོས་ཁྲི་10ཙམ་ཉར་ཚགས་བྱས་ཡོད། “ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ལྡན་པ་དང་འཛམ་གླིང་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་ཨེ་ཅིབ་ཀྱི་ཤེས་དཔལ་མངོན་ཡོད”ཨེ་ཅིབ་ཆེན་པོའི་རྟེན་མཛོད་ཁང་གི་ཀོན་ཀྲང་ཨེ་ཧ་མན་ཏེ·ཀུའུ་ནེ་མུའུ་ཡིས“རྟེན་མཛོད་ཁང་སྒོ་ཕྱེ་བ་དེས་ཨེ་ཅིབ་ཀྱི་རིག་གནས་ཡུལ་སྐོར་ལས་རིགས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད། རིག་གནས་སྤེལ་རེས་ནི་དམངས་སེམས་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བའི་འབྲེལ་ཟམ་ལྟ་བུ་ཡིན། ཨེ་ཅིབ་དང་ཀྲུང་གོ་ནི་འཛམ་གླིང་གི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཡིན་པས། ང་ཚོས་ཀྲུང་གོའི་གྲོགས་པོ་ལྟ་སྐོར་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡིན”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།