ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཚོང་པས་ཀྲུང་གོར་ཚི་གུ་ཅན་གྱི་ཤིང་འབྲས་སྤུས་ལེགས་ཕྱིར་གཏོང་ལ་གྲ་སྒྲིག་ཧུར་ཐག་བྱེད་པ།

ཉིན་ཤས་བསྟུད་མར། ལྷོ་ཨ་ཧྥེ་རི་ཁའི་ཤིང་ཏོག་ཚོང་པས་ཀྲུང་གོར་ཚི་གུ་ཅན་གྱི་ཤིང་འབྲས་ཕྱིར་གཏོང་ལ་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད། ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་ཀྲུང་གོའི་སྲིད་གཞུང་དང་ཉིན་ཤས་གོང་ཚོང་དོན་གྱི་གྲོས་མཐུན་བཞག་སྟེ་ལྷོ་ཨ་ཧྥེ་རི་ཁས་ཀྲུང་གོར་མངར་ཁམ་དང་། ཁམ་བུ། འཇམ་ཁམ། པ་ལུམ། འབྲི་སེའུ་སྔོན་པོ་བཅས་ཚི་གུ་ཅན་གྱི་ཤིང་འབྲས་རིགས་ལྔ་ཕྱིར་གཏོང་བྱེད་ཆོག་པའི་ཆོག་མཆན་ཐོབ་པ་རེད། འདི་ནི་ཉེ་ཆར་ལྷོ་ཨ་ཧྥེ་རི་ཁའི་གཡོད་ཧན་ནེ་སི་པའོ་ཡི་ཐོན་རྫས་སོས་པའི་ཁྲོམ་རར་ལས་དོན་པས་ཚི་གུ་ཅན་གྱི་ཤིང་འབྲས་རིགས་ཟོག་འདྲེན་རླངས་འཁོར་ནང་དབོར་བཞིན་པ།
འབྲེལ་ཡོད་གསར་འགྱུར།