དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • 2025ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཁྲུང་ཆིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-11-06

    2025ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོ་ཉིན་ཤས་གོང་ཁྲུང་ཆིང་དུ་སྤེལ་ཞིང་། བྱེད་སྒོ་དེས“མི་དམངས་ཀྱི་གྲོང་ཁྱེར། རིག་ལྡན་འབྱུང་འགྱུར་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་དེ་བཞིན་ལས་རིགས་ཁག་གི་མི་སྣ་1200ཙམ་དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ཡོད། འཛམ་གླིང་གྲོང་ཁྱེར་ཉིན་མོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོང་ཁྱེར་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་སྤྱིའི་ཉིན་མོ་ཐོག་མ་དེ་ཡིན་ལ། ཀྲུང་གོ་སྲིད་གཞུང་གིས་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་བཙུགས་པའི་རྒྱལ་སྤྱིའི་ཉིན་མོ་དང་པོ་དེའང་ཡིན་པ་དང་། ཉིན་མོ་དེ་ལོ་ལྟར་གྱི་ཟླ་10ཚེས་31ཉིན་ཡིན་པ་རེད། འདི་ནི་ཉེ་ཆར་ཁྲུང་ཆིང་གཡོད་ལའེ་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་ལྟད་མོ་བས་2025ལོའི་འཛམ་གླིང་གྲོང་ཁྱེར་ཉིན་མོའི་ཀྲུང་གོའི་ཚོགས་ར་གཙོ་བོའི་བྱེད་སྒོའི་བརྗོད་དོན་གཙོ་བོའི་འགྲེམས་ཁུལ་དུ་རིག་ལྡན་བདེ་སྲུང་འཕྲུལ་མིར་ལྟ་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།