བོད་ལྗོངས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས།
“མི་རིགས་མཐུན་སྒྲིལ་ང་ཡིས་ལག་ལེན་བསྟར”ཞེས་པའི་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རྫོང་རྒྱབ་ཀླུ་ཁང་དུ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བ་དང་གསོན་ཉམས་ལྡན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས་འགྲོ་འོང་བྱེད་མཁན་མང་ཚོགས་རྒྱ་ཁྱབ་ཞུགས་པའི་ཡིད་དབང་བཀུག་ཡོད།
བྱེད་སྒོ་སྤེལ་ཡུལ་དུ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་དྲ་ཐོག་དང་དྲ་ཕྱིར་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་ཏང་གི་མི་རིགས་སྲིད་ཇུས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་སོགས་ཀྱི་འབྲེལ་ཡོད་ཤེས་བྱ་ཚུད་པའི་དྲི་བ་བཏོན་ཏེ་ལན་རྒྱག་མཁན་ལ་བྱ་དགའ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད། མི་རིགས་ཁག་གི་མང་ཚོགས་ཀྱིས་རྟགས་བཤེར་ལན་འདེབས་དང་། ཡིག་ཐོག་ནས་ལན་འདེབས་པ། “མྱུར་འདྲི་མྱུར་འདེབས”སོགས་ཀྱི་རྣམ་པ་བརྒྱུད་བྱ་དགའ་ཡོད་པའི་ཤེས་བྱའི་དྲི་བར་ལན་བརྒྱབ་པ་དང་། ལན་བརྒྱབ་ཚར་རྗེས་སྐར་གྲངས་མང་ཉུང་ལ་གཞིགས་ནས་བྱ་དགའ་སྤྲད་པར། མང་ཚོགས་རྣམས་བྱེད་སྒོར་ཞུགས་པའི་སྤྲོ་སེམས་གང་ལེགས་འཕེལ་ཡོད།
བྱེད་སྒོར་ཞུགས་མཁན་མང་ཚོགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཚང་མས་ཏང་གི་མི་རིགས་སྲིད་ཇུས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ངོས་འཛིན་དེ་བས་ཟབ་ཏུ་ཕྱིན་པ་དང་། མི་རིགས་ཁག་དབར་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་འཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་སྦྲེལ་བཅས་ཀྱི་འབྲེལ་བ་ཟབ་མོ་གང་ལེགས་ཚོར་བ་མ་ཟད། མི་རིགས་མཐུན་སྒྲིལ་གྱི་གལ་ཆེའི་རང་བཞིན་ལའང་དེ་བས་ཤེས་རྟོགས་ཟབ་མོ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།