རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དཔལ་འབར་བརྒྱུད་སྤྲོད་ཀྱི་མེ་སོན་བསྡུ་བའི་མཛད་སྒོ་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་གློག་འཕྲིན་འབྱོར་གསལ། གྲོང་ཁྱེར་བཞིའི་མེ་སོན་མཉམ་དུ་བསྡུས་ནས་སེམས་མཐུན་གྱི་མེ་སྤོར་བ—ཚེས་2ཉིན་གྱི་ཕྱི་དྲོར་སྤེལ་བའི་མེ་སོན་བསྡུ་བའི་མཛད་སྒོར་ཤང་ཀང་དང་། ཨའོ་མོན། ཀོང་ཀྲོའུ། ཧྲེན་ཀྲེན་བཅས་གྲོང་ཁྱེར་བཞི་ཡིས་བརྒྱུད་སྤྲོད་བྱས་པའི་དཔལ་འབར་མཉམ་དུ་བསྡུས་པ་དང་བསྟུན་ནས། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དཔལ་འབར་བརྒྱུད་སྤྲོད་བྱེད་སྒོ་ཕུན་སུམ་ཚོགས་པོས་མཇུག་འགྲིལ་བ་དང་། ཟླ་11ཚེས་9ཉིན་གྱི་འགོ་ཚུགས་མཛད་སྒོའི་ཐོག་དཔལ་འབར་གཙོ་བོ་སྤར་བར་ཡང་སྔོན་འགྲོའི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད།
ཧྲེན་ཀྲེན་རི་བོ་པདྨ་ཅན་སྤྱི་གླིང་གི་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་དཔལ་འབར་བརྒྱུད་སྤྲོད་འགོ་ཚུགས་མཛད་སྒོ་ནས་ཤང་ཀང་དང་། ཨའོ་མོན། ཀོང་ཀྲོའུ་བཅས་ནས་འགོ་མཉམ་དུ་ཚུགས་པའི་བར། གྲོང་ཁྱེར་བཞི་པོས་དཔལ་འབར་འབྲེལ་ཐག་ཏུ་བྱས་ནས“སྤྲོ་སེམས་འཁོལ་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས། གསོན་ཤུགས་ལྡན་པའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ”གྱི་རྔམ་བརྗིད་ལྡན་པའི་ཉམས་འགྱུར་མཉམ་དུ་མངོན་ཡོད། ཉིན་དེའི་སྔ་དྲོར། ལས་རིགས་ཁག་ནས་ཡོང་བའི་དཔལ་འབར་འཁྱེར་མཁན་200ཡིས་ལག་ལ་དཔལ་འབར་བཟུང་ནས་གྲོང་ཁྱེར་བཞིའི་ས་ཁམས་མཚོན་རྟགས་བརྒྱུད་དེ་ལིང་ནན་རིག་གནས་དང་། རི་མཚོའི་མཛེས་ལྗོངས། རླབས་རྒྱུན་དར་སོ། དེང་རབས་གྲོང་ཁྱེར་ཆེན་པོ་བཅས་སྐོར་སྐྱོད་ཀྱི་མཛེས་རིས་ཤིག་ཏུ་བཏོད་པ་རེད།
འབྲེལ་ཡོད་གསར་འགྱུར།