རུའུ་ལུགས་ཚོང་པའི་ཚོགས་ཆེན་སྐབས་བཞི་པ་ཧྲན་ཏུང་ཅི་ནན་དུ་འཚོགས་པ།
ཟླ་10ཚེས་29ནས་ཚེས་31ཉིན་བར། རུའུ་ལུགས་ཚོང་པའི་ཚོགས་ཆེན་སྐབས་བཞི་པ་ཧྲན་ཏུང་ཅི་ནན་དུ་འཚོགས་ཤིང་། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་སྐུ་མགྲོན་400ལྷག་ཙམ་ཧྲན་ཏུང་དུ་འཛོམས་ནས་རུའུ་ལུགས་ཚོང་པའི་སྙིང་སྟོབས་གླེང་ནས་མཉམ་ལས་འཕེལ་རྒྱས་ཀྱི་ཇུས་གཞི་བཀོད་པ་རེད།
ཚོགས་ཆེན་ཐོག“རུའུ་ལུགས་ཚོང་པའི་སྤྱོད་བཟང་དར་སྤེལ་གཏོང་། གསར་དར་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱེད་པ་དང་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་གཙོ་གཉེར་བྱས་པ་རེད། འགོ་ཚུགས་ཚོགས་འདུར་ཚོགས་ཞུགས་སྐུ་མགྲོན་གྱི་འཐུས་མི་ཚོས་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། མི་ཐབས་རིག་ནུས། སྔོན་ཐོན་བཟོ་སྐྲུན་སོགས་གསར་དར་ཐོན་ལས་ལ་དམིགས་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་བྱས་པ་དང་། ལྟ་བ་གསར་ཤོས་མཉམ་སྤྱོད་དང་གཉིས་ཕན་མཉམ་ལས་ལྷུག་གླེང་བྱས་པ་རེད། ས་ཡུལ་དངོས་སུ་ཧྲན་ཏུང་ཞིང་ཆེན་གྱི་མཚོན་རྟགས་རང་བཞིན་གྱི་ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་དཔེ་རིས་དང་ཚོང་འགུགས་མཚོན་རྟགས་ཁྱབ་བསྒྲགས་བྱས་པ་དང་། “ཡལ་དུས་བརྒལ་བའི་སྐད་ཆ་ཤོད་རེས”བྱེད་སྒོ་སྤེལ་བ། མཉམ་ལས་རྣམ་གྲངས་ཁག་གཅིག་ལ་གཅིག་སྡུད་ཐོག་གན་རྒྱ་བཞག་པ་བཅས་རེད།
འབྲེལ་ཡོད་གསར་འགྱུར།