དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཚིགས་དང་པོ་ནས་གསུམ་པའི་བར་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་བསྡོམས་འབོར་དུས་མཚུངས་ལས་10.3%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-11-06

    གསར་འགོད་པས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོ་ནས་གསུམ་པའི་བར་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་བྱེད་ཚད་བརྟན་པོའི་ངང་འཕར་ནས་ལས་རིགས་ཡོངས་ཀྱི་སྐྱེལ་འདྲེན་འཁོར་རྒྱུག་བྱེད་ཚད་བསྡོམས་འབོར་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད། ཚོང་ཟོག་སྦྲག་ཐོག་ནས་སྐྱེལ་འདྲེན་བྱེད་ཚད་བཅས་སྤྱི་ལེ་ཏུན་དུང་ཕྱུར་1220.3དང་། མི་ཐེངས་དུང་ཕྱུར་5.8 ཏུན་ཁྲི་739.5བཅས་སོ་སོར་ཟིན་ནས་དུས་མཚུངས་ལས་10.3%དང་། 5.2% 14.0%བཅས་སོ་སོར་འཕར་ཡོད་པ་རེད། རིགས་ཁག་གི་དུས་གཏན་གནམ་གྲུ་ཁྲི་488དང་། ཉིན་རེར་ཆ་སྙོམས་དུས་གཏན་གནམ་གྲུ་ཁྲི་1.8 ཉིན་རེར་ཆ་སྙོམས་དུས་མཚུངས་ལས་5%འཕར་བ་བཅས་འགན་ལེན་བྱས་པ་དང་། དུས་གཏན་གནམ་གྲུ་རྒྱུན་གཏན་ཡིན་ཚད་89.7%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་5.2འཕར་ཡོད།

    དུས་ཚིགས་དང་པོ་ནས་གསུམ་པའི་བར་དམངས་སྤྱོད་མཁའ་འགྲུལ་གྱི་སྐྱེལ་འདྲེན་སྤྱིའི་ཆ་ནས་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཅིང་། ལས་རིགས་ཡོངས་ཀྱི་སྐྱེལ་འདྲེན་གྱི་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར་436.8ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་12.4%འཕར་ཡོད། དབྱར་གསེང་སྐྱེལ་འདྲེན་བྱེད་རིང་དམངས་སྤྱོད་མཁའ་འགྲུལ་གྱི་ཟླ་རེའི་སྐྱེལ་འདྲེན་གྱི་འཁོར་རྒྱུག་བྱེད་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་མུ་མཐུད་བཏོད་ཡོད། དམངས་སྤྱོད་མཁའ་འགྲུལ་གྱི་འགྲུལ་པ་སྐྱེལ་འདྲེན་གྱི་གཞི་ཁྱོན་བརྟན་པོའི་ངང་འཕར་བ་རྒྱུན་འཁྱོངས་ཐུབ་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་ལས་རིགས་ཡོངས་ཀྱིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་2.1ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས་3.9%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།