དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཅ་མེ་ཁར་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པར་ཅ་མེ་ཁའི་ཙུང་ཏུའུ་ཨའེ་ལུན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ།

    ལི་ཆང་གིས་ཅ་མེ་ཁའི་ཙུང་ལི་ཧོར་ཉི་སིར་འཚམས་འདྲིའི་གློག་འཕྲིན་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2025-11-06

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅ་མེ་ཁར་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་པར་ཅ་མེ་ཁའི་ཙུང་ཏུའུ་ཨའེ་ལུན་ལ་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།

    ཞི་ཅིན་ཕིང་གིས། ཅ་མེ་ཁར་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེ་ཕོག་ནས་མི་སྣ་ཤི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཚབས་ཆེན་ཕོག་པ་ཐོས་བྱུང་། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་རྐྱེན་ལམ་དུ་ཤོར་མཁན་ལ་མྱ་ངན་ཟབ་མོ་ཞུ་རྒྱུ་དང་། རྐྱེན་ལམ་དུ་ཤོར་བའི་ནང་མི་དང་། རྨས་སྐྱོན་ཕོག་མཁན། གེགས་ཁུལ་གྱི་དམངས་ཚོགས་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། ཅ་མེ་ཁ་ནི་ཀྲུང་གོའི་འཐབ་ཇུས་རོགས་ཟླ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་བརྩེ་བ་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཅ་མེ་ཁར་རོགས་རམ་བྱས་ནས་ཅ་མེ་ཁའི་མི་དམངས་སྔ་ཙམ་གནོད་འཚེ་ལས་རྣམ་པར་རྒྱལ་བ་དང་ཁྱིམ་གཞིས་བསྐྱར་སྐྲུན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    དེ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཅ་མེ་ཁའི་ཙུང་ལི་ཧོར་ཉི་སིར་འཚམས་འདྲིའི་གློག་འཕྲིན་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།