དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་གང་མགྱོགས་འཛུགས་དགོས”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀྲའོ་ཀྲེན་ཧུའེ། ཀེ་མོང་ཁྲའོ། ཆུས་ཤིན་མིང་།   |     སྤེལ་དུས།  2025-11-06

    དངུལ་རྩ་ནི“རྒྱལ་ཁབ་ཀྱི་དོན་ཆེན”ཡིན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི《གྲོས་འགོ》ཡི་ནང“དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་པོ་སྐྲུན་དགོས་པ”དང“ཚན་རྩལ་གྱི་དངུལ་རྩ་དང་། ལྗང་མདོག་གི་དངུལ་རྩ། ཀུན་ཕན་གྱི་དངུལ་རྩ། རྒན་གསོའི་དངུལ་རྩ། གྲངས་འཛིན་གྱི་དངུལ་རྩ་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས”ཞེས་བཏོན་ཡོད།

    2019ལོའི་ཟླ་2པར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཉམ་སྡེབ་སློབ་སྦྱོང་བྱེད་སྐབས“ཀྲུང་གོའི་ཁྱད་ཆོས་ལྡན་པའི་དངུལ་རྩའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་ཐོག་མར་བཏོན་པ་ནས་2023ལོའི་ཟླ་10པར་ཀྲུང་དབྱང་གི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐོག་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་དམིགས་ཚད་ཐོག་མར་ཁ་གསལ་བཟོས་པའི་བར་དང་། དེ་ནས་2024ལོའི་ཟླ་དང་པོར་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་ནི་གང་ཞིག་ཡིན་པ་དང་ཇི་ལྟར་སྐྲུན་དགོས་པའི་སྐོར་གསལ་པོ་བཟོས་པའི་བར། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པའི་དངུལ་རྩའི་ལེའུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་ཕྱིན་ཡོད།

    “དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ཡུན་རིང་འབད་བརྩོན་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས་པ”དང“དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་གང་མགྱོགས་འཛུགས་དགོས”ཞེས་དངུལ་རྩའི་རྒྱལ་ཁབ་ཆེན་པོ་ནས་དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་དུ་སྐྱོད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམིགས་ཚད་ཀྱི་ལས་འགན་དང་ལག་ལེན་གྱི་བླང་བྱ་གསལ་པོར་བསྟན་གནང་ཡོད།

    དངུལ་རྩའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པར་དངུལ་རྩའི་ལས་དོན་གྱི་མི་དམངས་རང་བཞིན་བརྟན་སྲུང་བྱེད་པ་ནི་རྨང་རྡོ་གལ་ཆེན་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་དངུལ་རྩའི་མ་ལག་མགྱོགས་མྱུར་བཙུགས་ཏེ་དངུལ་རྩས་དམངས་ཕན་གྱི་གདིང་གཞི་སྔར་བས་མངོན་གསལ་དོད་དུ་བཏང་ཡོད།

    “ཀུན་ཕན་དངུལ་རྩ་ནི་དགོས་པའི་དུས་སུ་ཕན་པ་དང་དམངས་འཚོར་ཞབས་འདེགས་ཞུ་དགོས”

    2023ལོའི་དབྱར་ཁར་ཆུ་ལོག་ཚབས་ཆེན་ཐོན་ནས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་བྱང་ཤར་ལ་གནོད་འཚེ་ཕོག་པ་རེད།

    ཧེ་ལུང་ཅང་ཧྲང་ཀྲི་གྲོང་ཁྱེར་ལུང་ཝང་མེའོ་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་ཟབ་མོས“འགན་བཅོལ་གྱི་གུན་གསབ་འཇལ་བའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་ཐུབ་ཀྱི་འདུག་གམ”ཞེས་བཀའ་འདྲི་གནང་།

    ཧོ་པེ་ཀྲུའོ་ཀྲོའུ་གྲོང་ཁྱེར་དབན་ཆོན་ཀྲོང་གྲོང་ཚོར་ཡུལ་མི་ཧྥུའུ་ཅུན་གྱིས་སེམས་རྩ་འཁོལ་པོས་སྤྱི་ཁྱབ་ཧྲུའུ་ཅི་ཁང་པ་གསར་པའི་ནང་ཕེབས་བསུ་ཞུས་ཤིང་། གནོད་འཚེ་ཕོག་རྗེས། ཧྥུའུ་ཅུན་ལ་ཁང་པའི་འགན་བཅོལ་གྱི་གུན་གསབ་དངུལ་མགྱོགས་པོ་རག་པས“ཏང་གི་སྲིད་ཇུས་ཡག་པོ་འདུག”ཅེས་བཤད།

    2025ལོའི་ཟླ་7པར། ཧྭ་ཏུང་དང་། ཧྭ་པེ། བྱང་ཤར་སོགས་ས་ཁུལ་དུ་ཆུ་ལོག་དང་ས་གཤིས་ཀྱི་གནོད་འཚེ་ཐོན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲུབ་འགོག་གེགས་སེལ་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་སྟེ“མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས་པའི”བླང་བྱ་བཏོན་གནང་བ་རེད།

    གེགས་སེལ་མ་དངུལ་ཡག་པོ་སྤྱད་དེ་སླར་གསོ་བསྐྱར་སྐྲུན་གང་མགྱོགས་བྱེད་དགོས་པ་དང་། གནོད་འཚེ་ཕོག་པའི་ས་ཁུལ་ལ་ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་དང་འགན་བཅོལ་གྱི་གུན་གསབ་འཇལ་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་པ་ལ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ་དངུལ་རྩའི་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་གནོད་འཚེ་ཕོག་པའི་མང་ཚོགས་དཀའ་ངལ་གྱི་གནས་ལས་སྒྲོལ་རོགས་བྱས་པ་རེད།

    གྲོང་གསེབ་ནི་དངུལ་རྩའི་མ་ལག་གི་ཉམས་ཞན་ཁྱབ་ཁོངས་ཤིག་རེད། “དབུལ་སྒྲོལ་འགག་སྒྲོལ་ལ་དངུལ་རྩའི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ”དང“གྲོང་གསེབ་དར་རྒྱས་ཐད་དངུལ་རྩའི་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ”སོགས་དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་ཀྱི་དངུལ་རྩར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གནང་གི་ཡོད།

    ཀོང་ཏ་དངུལ་ཁང་གི“ཉི་འོད་བུར་ཤིང་ཞིང་ལས་དངུལ་བུན”གྱི་རྒྱབ་སྐྱོར་ཐོབ་པས་ཀོང་ཤིས་ལའེ་པིན་གྲོང་ཁྱེར་གྱི་བུར་ཤིང་འདེབས་མཁན་མང་པོ་ཞིག་ལ་མ་དངུལ་ཐད་སེམས་ཁྲལ་མེད་པ་རེད། 2023ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལའེ་པིན་གྲོང་ཁྱེར་དུ་བརྟག་ཞིབ་གནང་སྐབས“ཀོང་ཤིས་ནི་རང་རྒྱལ་གྱི་བུ་རམ་ཐོན་ཁུལ་གཙོ་བོ་ཡིན་པ་དང་ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་མངར་ཆའི་ལས་རིགས་ཀྱི་བདེ་འཇགས་འགན་ལེན་དང་བུར་ཤིང་འདེབས་མཁན་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་ཆེད་ནུས་པ་དེ་བས་ཆེ་བ་འདོན་དགོས”ཞེས་གསུངས་པ་རེད། ཉེ་བའི་ལོ་གཉིས་རིང་། ཀུན་ཕན་དངུལ་རྩས“བུ་རམ་བྱ་གཞག”ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད། 

    “གྲོང་གསེབ་ཀྱི་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་མང་དུ་གཏོང་དགོས་པ”དང“ས་གནས་ཁག་གཅིག་གིས་སྤེལ་བའི་ཁྱད་ལྡན་ཞིང་ཞོར་ཐོན་ཟོག་གི་འགན་བཅོལ་ལ་ཞིང་པའི་དགའ་བསུ་ཐོབ་ཡོད། དེ་ནི་ཁ་ཕྱོགས་ཤིག་ཡིན་པས་ཉམས་མྱོང་ཕྱོགས་སྡོམ་དང་ཁྱབ་གདལ་མགྱོགས་པོ་གཏོང་དགོས”ལ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རི་ཁུལ་ལུང་ཁུག་གི“ས་གཞི་གཤིན་པོར”དངུལ་རྩའི་ལས་རིགས་ཁྱབ་པར་བྱེད་པ་དང་། རིམ་པ་མང་བ་དང་། ཁྱབ་རྒྱ་ཆེ་བ། རྒྱུན་མཐུད་ཐུབ་པ་བཅས་ཀྱི་དེང་རབས་གྲོང་གསེབ་ཀྱི་དངུལ་རྩའི་ཞབས་ཞུའི་མ་ལག་མགྱོགས་མྱུར་བཙུགས་པས་ཤང་ཚང་མར་སྒྲིག་གཞི་ཡོད་པ་དང་། གྲོང་ཚོ་ཚང་མར་ཞབས་ཞུ་ཡོད་པ། ཁྱིམ་ཚང་ཚང་མར་རྩིས་ཐོ་ཡོད་པ་བཅས་བྱུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ། ཀུན་ཕན་རྣམ་པའི་ཞིང་འབྲེལ་དངུལ་བུན་ལོ་རེར་ཆ་སྙོམས་འཕར་ཚད་14.6%ཟིན་ཡོད་པ་རེད།

    “བདེ་འཇགས་རང་བཞིན་དང་། ཁེ་སྤོགས་རང་བཞིན། འཁོར་རྒྱུག་རང་བཞིན་བཅས་ལྡན་པའི་དངུལ་རྩའི་ཐོན་རྫས་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར་བྱེད་དགོས” “ཉིན་བཞིན་སྣ་མང་ཅན་དུ་འགྱུར་བའི་རྒན་གསོའི་དངུལ་རྩའི་དགོས་མཁོ་དེ་བས་ལེགས་པ་སྐོང་དགོས” “འཛད་སྤྱོད་ཡིད་རྟོན་དངུལ་བུན་ལུགས་མཐུན་ངང་མང་དུ་གཏོང་དགོས”ལ་སོགས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་སླེབས་སྐབས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་དངུལ་རྩས་དེ་བས་ལེགས་པའི་ངང་སྐོང་བ་དེ་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ལ་བརྟན་པོར་བཅངས་ཡོད།

    རྒན་གསོའི་འབྱོར་སྐྱོང་ཐོན་རྫས་མགྱོགས་མྱུར་འཕར་ནས་འཛད་སྤྱོད་ཡིད་རྟོན་དངུལ་བུན་གསར་པར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། གྲོང་མི་གསར་པར་ཕྱོགས་པའི་དངུལ་རྩའི་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་དང་ཁྱབ་རྒྱ་ཆེ་རུ་བཏང་བ་སོགས་དངུལ་རྩའི་གསར་གཏོད་ཐད་མི་གཙོ་བོར་འཛིན་པ་དང་མི་སེམས་དེ་བས་དྲོ་བར་བྱེད་པ་དང་། ཡོང་འབབ་མང་དུ་གཏོང་བ་དང་། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དམངས་འཚོའི་བདེ་རྩ་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།