ལྷ་ས་གྲོང་ཁྱེར་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་བྱུང་བ།
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་753.91ཟིན་པ་དེ་དུས་མཚུངས་ལས་7.1%འཕར་བ།
ཉིན་ཤས་གོང་། གསར་འགོད་པར་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གཅིག་གྱུར་ཞིབ་རྩིས་བྱས་འབྲས་གཞིར་བཟུང་། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ལྷ་ས་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་753.91ཟིན་པ་དེ་དུས་མཚུངས་ལས་7.1%འཕར་བ་དང་འཕར་ཚད་ལྗོངས་ཡོངས་ཀྱི་སྤྱི་ཡོངས་ཆུ་ཚད་དང་འདྲ་པོ་ཟིན་ནས་དཔལ་འབྱོར་སྤྱི་ཡོངས་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
དེའི་ཁྲོད་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་14.82ཟིན་པ་དེ་དུས་མཚུངས་ལས་9.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་340.97ཟིན་པ་དེ་དུས་མཚུངས་ལས་8.8%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་398.12ཟིན་པ་དེ་དུས་མཚུངས་ལས་6.0%འཕར་ཏེ་ཐོན་ལས་ཁག་གསུམ་བརྟན་པོའི་ངང་འཕར་ནས་དཔལ་འབྱོར་གཞི་ཆེན་ལ་ཐུན་མོང་ཐོག་འདེགས་སྐྱོར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།