“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་ལྗོངས་མཛེས་རྩལ་གྱི་ཡིག་ཚགས་འགྲེམས་སྟོན”གྱི་རིག་གཞུང་བགྲོ་གླེང་བྱེད་སྒོ་བོད་ལྗོངས་མཛེས་རྩལ་ཁང་དུ་སྤེལ་བ།
ཉེ་ཆར། “ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་ལྗོངས་མཛེས་རྩལ་གྱི་ཡིག་ཚགས་འགྲེམས་སྟོན”གྱི་རིག་གཞུང་བགྲོ་གླེང་བྱེད་སྒོ་བོད་ལྗོངས་མཛེས་རྩལ་ཁང་དུ་སྤེལ་བ་རེད། བོད་ལྗོངས་མཛེས་རྩལ་ཁང་ཡིག་རིས་སྒྱུ་རྩལ་མཛུབ་ཁྲིད་ཨུ་ལྷན་གྱི་རིགས་གཅིག་མཁས་ཅན་དང་དེ་བཞིན་ས་ཁུལ་དང་གྲོང་ཁྱེར་བདུན་ནས་ཡོང་བའི་རིག་གནས་སྒྱུ་རྩལ་ཁྱབ་ཁོངས་ཀྱི་འཐུས་མི་བགྲོ་གླེང་ནང་ཞུགས་ཡོད་པ་རེད།
ཚོགས་ཞུགས་སྐུ་མགྲོན་གྱིས“ཀྲུང་གོ་གསར་པ་དབུ་བརྙེས་ཚུན་བོད་ལྗོངས་མཛེས་རྩལ་གྱི་ཡིག་ཚགས་འགྲེམས་སྟོན”ལ་མཉམ་དུ་ལྟ་སྐོར་བྱས་ཡོད། འགྲེམས་སྟོན་ཐོག“ཚད་ལྡན་ཡིག་ཚགས་དང་། པར་རིས་ལ་བལྟས་ནས་གསལ་བཤད། སྤྱི་ཚོགས་ཀྱི་རྣམ་པ”བཅས་སྒྲོམ་གཞི་གསུམ་གྱི་ཐོག་ནས་དངོས་མཚོན་བསྟོད་གླུ་འབུལ་བ་ནས་སྣ་མང་འཚོལ་ཞིབ་བྱེད་པའི་བར་དང་དེ་ནས་དུས་རབས་གསར་པའི་གཞུང་འཁྱོངས་གསར་འབྱེད་བཅས་བར་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་ལྗོངས་མཛེས་རྩལ་གྱི་འཕེལ་རྒྱས་ཀྱི་འབྱུང་རིམ་བརྒྱུད་རིམ་ལྡན་པའི་སྒོ་ནས་གསེད་བཀྲོལ་བྱས་ཡོད། རིགས་གཅིག་མཁས་ཅན་དང་མཁས་དབང་གིས་འགྲེམས་སྟོན་གྱི་རིག་གཞུང་རང་བཞིན་ཆེ་བ་དང་མ་ལག་འཐུས་སྒོ་ཚང་བས་བོད་ཀྱི་དེང་རབས་མཛེས་རྩལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་ཡིག་ཚགས་ཀྱི་འདེགས་སྐྱོར་ཞིབ་ཚགས་མཁོ་འདོན་བྱས་པའི་ངོས་འཛིན་བྱས་ཡོད།
བོད་ལྗོངས་མཛེས་རྩལ་ཁང་གི་ཀོན་ཀྲང་ལྷག་པ་ཚེ་རིང་གིས། “ད་རེས་ཀྱི་འགྲེམས་སྟོན་ཐོག་ཡིག་ཚགས་གསེད་བཀྲོལ་རྨང་གཞི་དང་རིག་གཞུང་ཞིབ་འཇུག་སྟོན་ཕྱོགས་སུ་བྱས་པ་དེ་ནི་བོད་ཀྱི་མཛེས་རྩལ་ལོ་རྒྱུས་ཀྱི་ཞིབ་འཇུག་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཚོད་ལྟ་གལ་ཆེན་ཞིག་རེད”ཅེས་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།