དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཕན་ནུས་སྔར་ལས་ཆེ་བའི་རྒྱལ་སྤྱིའི་ཁྱབ་སྤེལ་མ་ལག་འཛུགས་དགོས།

    གློག་རྡུལ་ཚན་རྩལ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་གསར་འགྱུར་ཁྱབ་སྤེལ་ཚན་ཁག་གི་ཀྲུའུ་རེན་ཀྲན་ཞུན་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-06

    ཀྲན་ཞུན་ནི་གློག་རྡུལ་ཚན་རྩལ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་ཐད་གལ་ཆེ་མཉམ་བརྩི་རྣམ་པའི་རྐང་འཛིན་ཆེད་ལས་མཁས་ཅན་ཞིག་རེད། མིག་སྔར་ཁོང་གིས་གློག་རྡུལ་ཚན་རྩལ་སློབ་ཆེན་སྤྱི་པའི་དོ་དམ་སློབ་གླིང་གི་གསར་འགྱུར་ཁྱབ་སྤེལ་ཚན་ཁག་གི་ཀྲུའུ་རེན་དང་ཧི་མ་ལ་ཡ་ས་ཁུལ་བརྒལ་བའི་ཁྱབ་སྤེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་འགན་ཁུར་གྱི་ཡོད། ཁོང་གིས་སྨྱན་སྦྱོར་གསར་པ་དང་དྲ་རྒྱའི་ཁྱབ་སྤེལ་དང་། རྒྱལ་སྤྱིའི་ཁྱབ་སྤེལ་དང་མཐའ་འཁོར་ཁྱབ་སྤེལ། བོད་འབྲེལ་ཁྱབ་སྤེལ་དང་མི་རིགས་ཁྱབ་སྤེལ། རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་དང་ཉམས་ཉེན་ལ་དོ་དམ་སོགས་གཙོ་བོར་དམིགས་ནས། 2019ལོ་དང་2023ལོར་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་སུ་བསྟུད་མར་ཞུགས་པ་དང་། ད་ལོ་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཆེད་མངགས་གདན་ཞུའི་རྒྱལ་སྤྱིའི་ཁྱབ་སྤེལ་བློ་འདྲི་བའི་མིང་ཐོག་ནས།2025·ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས་དང་བོད་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ཚོགས་ཆེན་སྐབས་དང་པོར་ཞུགས་པ་རེད། གླེང་སྟེགས་སུ་ཞུགས་རིང་། བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་། ངེས་ཤེས་ཁྱབ་སྤེལ། རྩིས་ཐབས་དོན་གླེང་། རིག་གནས་ལས་བརྒལ་བའི་ཁྱབ་སྤེལ་སོགས་སྐོར་ལ་དགེ་རྒན་ཆེ་མོ་བ་ཀྲན་ཞུན་གྱིས་བོད་ལྗོངས་ཉིན་རེའི་ཚགས་པར་གྱི་ཆེད་དོན་བཅར་འདྲི་དང་ལེན་བྱས་ཡོད།

    གསར་འགོད་པས་དྲིས་པར། གོ་ལ་ཧྲིལ་པོའི་ཁྱབ་སྤེལ་རྣམ་པ་རྒྱུན་ཆད་མེད་པར་བསྐྱར་དུ་གཏོད་པའི་དེང་གི་དུས་འདིར། ཀྲུང་གོའི་གཟུགས་བརྙན་དང་རྒྱལ་སྤྱིའི་གླེང་ཕྱོགས་ར་བའི་གྲོས་གཞི་གལ་ཆེན་གྱི་གྲས་ཤིག་ཡིན་པའི་བོད་ལ་ཆ་མཚོན་ན། བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་སྤུས་ཚད་དང་ཕན་ནུས་དེ་ཕྱིའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་རྒྱལ་ཁབ་ཧྲིལ་པོའི་གནས་ཚུལ་ཞིབ་པར་བརྗོད་པ་དག་ལ་གོ་བ་ལེན་པ་དང་ངོས་འཛིན་གཅིག་མཐུན་ཡོང་ཐུབ་མིན་དང་ཐད་ཀར་འབྲེལ་བ་ཡོད། འོ་ན་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པར་འགྲན་སློང་གང་ཞིག་འཕྲད་ཡོད་དམ། ཇི་ལྟར་བྱས་ནས་ཁ་གཏད་གཅོག་དགོས་སམ།

    ཀྲན་ཞུན་གྱིས་ལན་བཏབ་པར། དེང་སྐབས་ཀྱི་མི་ཐབས་རིག་ནུས་དང་། གྲངས་གཞི་ཆེན་པོ། རྩིས་ཐབས་འོས་སྦྱོར་བཅས་ཀྱིས་ཆ་འཕྲིན་བྱུང་ཐོན་དང་། བགོ་འགྲེམས། དང་ལེན་བཅས་ཀྱི་ལམ་སྲོལ་བསྐྱར་འཛུགས་བྱས་ཤིང་། གོ་ལ་ཧྲིལ་པོའི་ཁྱབ་སྤེལ་སྒྲིག་ལམ་དེ“རྩོམ་སྒྲིག་གཏན་ཚིགས”ནས“རྩིས་ཐབས་གཏན་ཚིགས”ཀྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བཞིན་ཡོད། རྒྱབ་ལྗོངས་དེའི་འོག་ཀྲུང་གོའི་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་རྒྱུ་ནི་རིག་གནས་ཁྱབ་སྤེལ་གྱི་གནད་དོན་ཁོ་ན་ཙམ་མིན་པར། ངེས་ཤེས་འཛུགས་སྐྱོང་དང་རྩིས་ཐབས་ཐེ་ཞུགས་ཀྱི་གནད་དོན་ཞིག་དེ་བས་ཀྱང་རེད། འདས་ཟིན་པའི་དུས་ཚོད་རིང་པོ་ཞིག་གི་ནང་བོད་ལྗོངས་སྐོར་གྱི་རྒྱལ་སྤྱིའི་གླེང་ཕྱོགས་དང་ཞིབ་བརྗོད་དེ་གཙོ་བོ་ནུབ་ཕྱོགས་སྨྱན་སྦྱོར་གྱིས་གཙོ་ཁྲིད་བྱས་ཡོད། ཁོང་ཚོས་དམིགས་བསལ་གྱི་ཞིབ་བརྗོད་སྒྲོམ་གཞི་བརྒྱུད་བོད་ལྗོངས་འདི་འཆར་ཡན་ཅན་དང་ལྐོག་གྱུར་ཅན། ཐ་ན་ཆབ་སྲིད་ཅན་གྱི“མི་གཞན”ཞིག་ཏུ་བསྒྱུར་མོད། འོན་ཀྱང་དོན་དངོས་ཐོག་བོད་ལྗོངས་ནི་འཕེལ་རྒྱས་མྱུར་པོ་དང་། སྤྱི་ཚོགས་བརྟན་ལྷིང་། སྐྱེ་ཁམས་སྔོན་སྐྱོང་། རིག་གནས་སྣ་མང་ཅན་བཅས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཤིག་ཡིན་པ་དེ་རྟག་ཏུ་གོ་འཛོལ་ཡང་ཡང་ཐེབས་ཀྱི་ཡོད། “ངེས་ཤེས་ཀྱི་ནོར་འཛོལ”དེ་ཕྱོགས་གཅིག་ནས་ཁྱབ་སྤེལ་ཐབས་ལམ་གྲུབ་ཚུལ་དོ་སྙོམས་མེད་པ་ལས་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་རྩིས་ཐབས་ལམ་སྲོལ་གྱི“གདམ་གའི་རང་བཞིན་ཆེ་རུ་ཕྱིན་པ”ལས་བྱུང་བ་རེད། ད་ཡོད་ཀྱི་ཕྱོགས་ཞེན་ལྟ་ཚུལ་ཆེ་རུ་བཏང་བ་དང་ཆ་འཕྲིན་གྱི་ཐུམ་ཤུབས་བཟོས་པས་བློ་དང་ལྡན་པའི་སྐད་སྒྲ་དེ་རྩིས་ཐབས་ཀྱི་རྒྱ་མཚོར་དིམ་ནས་གོ་རྒྱུ་མེད་པར་གྱུར་ཡོད། དེར་བརྟེན་བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པར་ཁྱབ་སྤེལ་གྱི་རྣམ་པ་བསྐྱར་དུ་བཏོད་ནས་སྔར་ཡོད་ཀྱི་ངེས་ཤེས་མེད་པ་བཟོ་དགོས་ཤིང་། རང་འགུལ་ངང་ཞིབ་པར་བརྗོད་པ་དང་གནད་སྨིན་ཁྱབ་སྤེལ་གཏོང་སྟངས་བཏོད་དེ“ལྟ་བར་བྱ་ཡུལ”དང“གླེང་བརྗོད་བྱ་ཡུལ”ནས“བསམ་ཤེས་བྱ་ཡུལ”བར་དུ་མངོན་འགྱུར་ཡོང་བ་བྱེད་དགོས།

    གསར་འགོད་པས་དྲིས་པར། ཁྱེད་ཀྱིས་བལྟས་ན་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་ལག་ལེན་ཁྲོད་དུ་ཕྱོགས་གང་ཞིག་ནས་རིག་གནས་ཁྱབ་སྤེལ་ལ་མཆོང་སྐྱོད་ཡོང་བ་བྱེད་དགོས་སམ།

    ཀྲན་ཞུན་གྱིས་ལན་བཏབ་པར། དང་ཐོག་ངེས་ཤེས་ནི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་འགོ་ཚུགས་ས་རེད། བོད་ལྗོངས་ཀྱི་འཕེལ་རྒྱས་ལག་ལེན་དེ་འོས་འགན་སློབ་གསོ་ཁྱབ་གདལ་དང་། སྐྱེ་ཁམས་སྲུང་སྐྱོང་ལམ་སྲོལ། མི་རིགས་མཐུན་སྒྲིལ་དང་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་སོགས་ལས་དོན་དངོས་རིམ་པའི་ཁྱབ་སྤེལ་རྒྱུ་ཆ་གྲུབ་མོད། འོན་ཀྱང་གྲངས་གཞི་དང་གསལ་བཤད་ཁོ་ནས་རྒྱལ་སྤྱིའི་གསན་པ་པོའི་ཡིད་དབང་འཕྲོག་མི་ཐུབ། དེས་ན་ཚིག་དོན་བསྐྱར་དུ་བཏོད་ནས“འཕེལ་རྒྱས་ཞིབ་བརྗོད”དེ“འཚོ་བ་ཞིབ་བརྗོད”ལ་བསྒྱུར་ཏེ། ཤེས་ཚོར་ཐུབ་པ་དང་འདོད་མཐུན་ཐུབ་པའི་གཏམ་རྒྱུད་བཤད་ནས་དོན་དངོས་ཀྱི་རིན་ཐང་མངོན་པར་བྱེད་དགོས། དེ་རྗེས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྐད་ཆའི་འོག་གི“ས་མཐོ་ཞིབ་བརྗོད”བྱེད་སྟངས་རང་འགུལ་ངང་གཏོད་པ་དང་། རང་ཚུགས་གྲོས་གཞིའི་དབང་ཆ་ལྡན་པའི་ཁྱབ་སྤེལ་སྒྲོམ་གཞི་འདོན་པ། གྲོས་གཞི་བསྐྱར་དུ་འདོན་པ་བཅས་བྱས་ཏེ། བོད་ལྗོངས་ཀྱི་གཟུགས་བརྙན་དེ“གནད་དོན་གྱི་ར་བ”ནས“ཤེས་དཔལ་གྱི་ར་བར”འགྱུར་བ་བྱེད་དགོས། མཇུག་ཏུ་རྒྱལ་སྤྱིའི་ཐོག་ཁྱབ་སྤེལ་གཏོང་བ་དེ་སྐད་ཡིག་གི་ཡིག་སྒྱུར་ཙམ་མིན་པར་རིག་གནས་ཀྱི་གཞན་སྒྱུར་ཞིག་ཏུ་དེ་བས་ཀྱང་འགྱུར་བ་བྱས་ནས། སྐད་ཉམས་རྒྱུན་མི་ཆད་པར་ལེགས་སུ་གཏོང་བ་དང་། གོ་བ་ལེན་པའི་སྒོ་ཐེམ་དམའ་རུ་གཏོང་བ། རིན་ཐང་གི་ཐུན་མོང་ངོས་འཛིན་ཟབ་ཏུ་གཏོང་བ་བཅས་བྱེད་དགོས།

    གསར་འགོད་པས་དྲིས་པར། བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་ཆེད་མངགས་གདན་ཞུའི་རྒྱལ་སྤྱིའི་ཁྱབ་སྤེལ་བློ་འདྲི་བ་ཡིན་པའི་ངོས་ནས་ཁྱེད་ཀྱིས་བལྟས་ན་ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ཐད་གྲུབ་འབྲས་གཟེངས་སུ་ཐོབ་པའི་འཚོལ་ཞིབ་དང་ལག་ལེན་གང་དག་བྱུང་ཡོད་དམ།

    ཀྲན་ཞུན་གྱིས་ལན་བཏབ་པར། གནས་ཚུལ་ཞིབ་བརྗོད་ཐད་སྔོན་ཆད་ཀྱི་སྤྱི་ཡོངས་ཀྱི་གནས་ཚུལ་ཞིབ་བརྗོད་ནས་མི་སྣ་གཙོ་བོར་འཛིན་པའི“ཕྲ་མཐོང་མཐོང་རྒྱའི”བར་དུ། ས་གནས་དེ་གའི་སྨན་པ་དང་། ཞིང་འབྲོག་པ། དགེ་རྒན། དགེ་འདུན་པ་སོགས་མི་དཀྱུས་མའི་རྒྱུན་གཏན་གྱི་གནས་ཚུལ་བརྗོད་པ་བརྒྱུད། བོད་ལྗོངས་ཀྱི་སྤྱི་ཚོགས་ཀྱི་དོན་དངོས་གནས་ཚུལ་མངོན་པར་བྱས་ནས་དུས་རབས་གསར་པའི་བོད་ལྗོངས་འཕེལ་རྒྱས་བྱུང་བ་མཐོང་བར་བྱས་ཡོད། མཐོང་ཚོར་གནས་ཚུལ་ཞིབ་བརྗོད་ཐད་བརྙན་པར་ལ་སྐད་བརྡ་ལས་ལྷག་པའི་འདོད་མཐུན་གྱི་སྟོབས་ཤུགས་ལྡན་ཡོད་ཅིང་། དངོས་མཚོན་གློག་བརྙན་དང་། བརྙན་ཐུང་། མཉམ་འགུལ་འགྲེམས་སྟོན་སོགས་ཀྱི་རྣམ་པ་བརྒྱུད། བོད་ལྗོངས་ཀྱི་སྐྱེ་ཁམས་ཀྱི་མཛེས་པ་དང་། རིག་གནས་ཀྱི་ཉམས་འགྱུར། མི་རིགས་ཁག་གི་མང་ཚོགས་ཀྱི་འཛུམ་ཞལ་བཅས་མཐོང་ཚོར་གྱི་སྐད་བརྡའི་ཐོག་ནས་འཛམ་གླིང་ལ་མངོན་པར་བྱས་ཏེ་ཐད་ཀར་མཐོང་ཐུབ་པ་དང་ཐུན་མོང་ཐོག་ཚོར་ཐུབ་པར་བྱས་ཡོད། རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པའི་ཐད་འདོད་མཐུན་གྱི་རིམ་པ་མཐོ་ཤོས་ནི་རིག་གནས་མཉམ་སྒྲོག་ཡོང་བ་བྱ་རྒྱུ་དེ་ཡིན་ཞིང་། རོལ་དབྱངས་དང་། སྒྱུ་རྩལ། མངོན་མིན་རིག་གནས་ཤུལ་བཞག ཆོས་ལུགས། མཚན་ཉིད་རིག་པ་སོགས་ཁྱབ་ཁོངས་ཀྱི་དམངས་ཁྲོད་སྤེལ་རེས་དང་རྒྱལ་སྤྱིའི་མཉམ་ལས་བརྒྱུད། འཛམ་གླིང་ལ་བོད་ལྗོངས་ནི་ས་ཁོངས་ཀྱི་བར་མཐོངས་ཤིག་ཡིན་པ་མ་ཟད། བསམ་པའི་ཁྱིམ་གཞིས་ཤིག་དེ་བས་ཀྱང་ཡིན་པ་ཤེས་རྟོགས་ཐུབ་པར་བྱས་པ་ལས“སྣ་མང་རང་བཞིན་ཁྲོད་ཀྱི་འཆམ་མཐུན”ཞེས་པའི་རིན་ཐང་མཚོན་ཡོད། ཕྱོགས་གསུམ་གྱི་ཐད་ནས་གནས་ཚུལ་ཞིབ་བརྗོད་དང་གསར་གཏོད་བྱས་པ་བརྒྱུད་བརྩེ་བ་སྦྲེལ་མཐུད་ནས་རིག་གནས་མཉམ་སྤེལ་བྱུང་ཡོད།

    གསར་འགོད་པས་དྲིས་པར། འབྱུང་འགྱུར་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ཐད་ལ་གསར་གཏོད་ཀྱི་ཐབས་ལམ་གང་དག་ཡོད་དམ།

    ཀྲན་ཞུན་གྱིས་ལན་བཏབ་པར། ཕྱོགས་གཅིག་ནས་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་ལག་ལེན་ཐད་ལས་སྟེགས་མཉམ་འདྲེས་དང་། ལག་རྩལ་མཐུན་སྦྱོར། བྱེད་པོ་མཐུན་སྦྱོར་བཅས་ལ་མཐོང་ཆེན་བྱས་ཏེ། མི་ཐབས་རིག་ནུས་ལག་རྩལ་སྤྱད་དེ་རྒྱལ་སྤྱིའི་ལྟ་ཉན་མཁན་གྱི་པར་རིས་ལ་དབྱེ་ཞིབ་བྱེད་པ་དང་རྒྱལ་ཁབ་དང་། ལོ་ཚད། རིག་གནས་རྒྱབ་ལྗོངས་བཅས་མི་འདྲ་བའི་ཚོགས་པས་བོད་ལྗོངས་དང་འབྲེལ་བ་ཡོད་པའི་གྲོས་གཞི་ཤེས་ཚོར་བྱེད་འདོད་དང་རྣམ་འགྱུར་འཛིན་སྟངས་ཤེས་རྟོགས་བྱས་ནས་ནང་དོན་གནད་ལ་འཁེལ་བའི་ངང་བགོ་འགྲེམས་བྱེད་དགོས། ཕྱོགས་གཞན་ཞིག་ནས་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་དེ་དབྱིན་ཡིག་ཁོ་ན་ཙམ་མ་ཟད་རྒྱ་ཡིག་དང་། བོད་ཡིག དབྱིན་ཡིག་བཅས་གཙོ་བོར་བྱེད་པའི་སྐད་མང་མ་ལག་གྲུབ་རྗེས། ད་དུང་སི་ཕེན་གྱི་སྐད་དང་། ཧྥ་རན་སེའི་སྐད། ནེ་པ་ལའི་སྐད་སོགས་ས་ཁོངས་ཀྱི་སྐད་ཡིག་ལ་བརྟེན་ནས་ཨེ་ཤེ་ཡ་ལྷོ་མ་དང་། ཡོ་རོབ། ལ་ཏིང་མེ་གླིང་བཅས་བར་ལྟ་ཉན་ཁྱབ་ཁོངས་རྒྱ་སྐྱེད་གཏོང་དགོས།

    གསར་འགོད་པས་བརྗོད་པར། མཇུག་ཏུ་ཁྱེད་ཀྱིས་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་དམིགས་ཚད་སྐོར་གླེང་རྒྱུ་དང་སྦྲགས། འབྲེལ་ཡོད་འཕེལ་རྒྱས་ཐད་གྲོས་འགོ་འདོན་རྒྱུའི་རེ་བའང་ཞུ་རྒྱུ་ཡིན།

    ཀྲན་ཞུན་གྱིས་བརྗོད་པར། ངེས་ཤེས་ནི་བསམ་ཤེས་ཀྱི་འགོ་ཚུགས་ས་དང་། འདོད་མཐུན་ནི་བསམ་ཤེས་གཏིང་ཟབ་ཏུ་སོང་བ་ཞིག་རེད། དེར་བརྟེན་བོད་ལྗོངས་ཀྱི་རྒྱལ་སྤྱིའི་ཁྱབ་སྤེལ་གྱི་དམིགས་ཚད་ནི་འཛམ་གླིང་ལ་བོད་ལྗོངས་ངོ་མ་མཐོང་དུ་འཇུག་པ་ཙམ་མ་ཟད། བྱེད་པོ་རྐྱང་པས་སྐད་ཆ་ཤོད་པའི་རྣམ་པ་ལས་བརྒལ་ཏེ་སྣ་མང་མཐུན་སྦྱོར་གྱི་རྣམ་པ་གྲུབ་པ་དང་། “སྲིད་གཞུང་དང་། རིག་གཞུང་ལས་རིགས། སྨྱན་སྦྱོར། དམངས་ཁྲོད”བཅས་ཀྱི་མཉམ་འགུལ་ལམ་སྲོལ་བཙུགས་ཏེ། དོན་དངོས་དང་། ཕྱོགས་བསྡུས། སྒོ་དབྱེ་བཅས་ཀྱི་གནས་ཚུལ་ཞིབ་བརྗོད་ཀྱི་ཐབས་ཇུས་བརྒྱུད། བོད་ལྗོངས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་། མི་ཆོས་རིག་གནས་སྐྱེ་ཁམས། མི་རིགས་མཐུན་སྒྲིལ་བཅས་ཀྱི་ཐད་བྱུང་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ངེས་ཤེས་གཞན་འགྱུར་དང་བརྩེ་དུང་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ། “གོ་བསྐོན་བློ་འགུགས་ཀྱི་རྣམ་པའི་ཁྱབ་སྤེལ”ནས“འདོད་མཐུན་རྣམ་པའི་ཁྱབ་སྤེལ”དུ་འགྱུར་བར་བྱེད་དགོས།

    ཞིབ་པར་བརྗོད་ན། སྲིད་གཞུང་གིས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་གྲོས་གཞི་ཇུས་འགོད་བྱེད་པ་དང་། རིག་གཞུང་ལས་རིགས་ཀྱིས་རིག་གཞུང་ཞིབ་འཇུག་དང་གཏམ་བཤད་བྱེད་པའི་འགན་འཁུར་བ། སྨྱན་སྦྱོར་གྱིས་ནང་དོན་གསར་གཏོད་དང་ཐབས་ལམ་གཉེར་སྐྱོང་བྱེད་འགན་འཁུར་བ། དམངས་ཁྲོད་རྩ་འཛུགས་དང་གཞོན་ནུ་མི་སྒེར་གྱིས་རིག་གནས་ལས་བརྒལ་བའི་སྤེལ་རེས་དང་གཏམ་རྒྱུད་གསར་རྩོམ་ནང་ཞུགས་པ། སྐད་མང་མཉམ་སྒྲོག་གི་ཁྱབ་སྤེལ་རྣམ་པ་ཞིག་གྲུབ་པ་བཅས་བྱས་ཏེ། མཐར་འཛམ་གླིང་ལ་གསོན་ཉམས་དོད་པ་དང་། རྣམ་པ་འདྲ་མིན། གདེང་ཚོད་ལྡན་པ་བཅས་ཀྱི་བོད་ལྗོངས་ཤེས་རྟོགས་ཐུབ་པ་དང་འབྲེལ་མྱོང་ཚོར་ཡང་ཐུབ་པར་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་བའི“ཤེས་དཔལ་འདི་ཉིད་སྤེལ་རེས་བྱུང་ནས་སྣ་མང་ཅན་དུ་གྱུར་པ་དང་ཤེས་དཔལ་འདི་ཉིད་ཕན་ཚུན་དཔྱད་གཞིར་འཛིན་ནས་ཕུན་སུམ་ཚོགས་སུ་འགྲོ་བར་བྱེད་དགོས”ཞེས་པ་མངོན་འགྱུར་ཡོང་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།