ཀྲེ་ཅང་ནག་ཆུ་ལག་གདང་སྦྲེལ། ལས་ཞུགས་ཆ་འགྲིག་ཡོངས་ལ་ཁྱབ།
ཉེ་ཆར། ཀྲེ་ཅང་ཞིང་ཆེན་གྱི་སྐབས་གཉིས་པའི་ངལ་ནུས་སྤུས་རྟགས་འགྲེམས་སྟོན་སྤེལ་རེས་བྱེད་སྒོ་དང“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་སྐུལ་སྤེལ་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཐོག ཀྲེ་ཅང་ཞིང་ཆེན་གྱི་ས་ཁུལ་དང་གྲོང་ཁྱེར་11དང་ནག་ཆུ་གྲོང་ཁྱེར་གྱི་རྫོང་དང་ཆུས་11དབར་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ་ལས་ཞུགས་ཆ་འགྲིག་ཁྱོན་ཡོངས་ལ་ཁྱབ་པར་བྱས་པ་དེ་ཐོག་ནས་ཀྲེ་ཅང་གི“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ། སྤྱི་ལེ་4000ལྷག་ཙམ་སྒྲོལ་བའི་ལས་ཞུགས་ཀྱི“གསེར་ཟམ”དངོས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད།
བྱེད་སྒོའི་ཁྲོད། ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་47གྱིས་ཀྲེ་ཅང་གི་ཁེ་ལས་དང་ལས་ཞུགས་གན་རྒྱ་བཞག་ནས་ཕན་པ་ཐོབ་མཁན་ཁག་དང་པོར་གྱུར་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་ཞུགས་བོད་སྐྱོར་ལག་ལེན་བསྟར་ཚུན། ཀྲེ་ཅང་ཞིང་ཆེན་གྱིས“ནག་ཆུའི་དགོས་མཁོ་དང་ཀྲེ་ཅང་གི་ནུས་པ”ལྟེ་བའི་སྟོན་ཕྱོགས་སུ་བྱས་ཏེ། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་སྟངས་བརྒྱུད། ལས་ཞུགས་བོད་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བས། དགོས་མཁོ་སྦྲེལ་མཐུད་དང་ཐོན་ཁུངས་མཁོ་སྤྲོད་བྱེད་པ་ནས་ཕན་འབྲས་སྲ་བརྟན་དུ་གཏོང་བའི་བར་གྱི་ལས་ཀའི་གདུབ་ཟུམ་བསྒྲུབས་ནས་ནག་ཆུ་གྲོང་ཁྱེར་ལ་ལས་ཞུགས་ལས་གཏོད་ཀྱི་དཀའ་གནད་འབོར་ཆེན་ཞིག་སེལ་རོགས་བྱས་ཡོད།
(པར་ངོས་བཞི་པར་གཟིགས)(པར་ངོས་དང་པོར་མཐུད) “ལོ་ལྔ་ཚན་བཅུ་བཞི་པའི”ཚུན་དུ་ཀྲེ་ཅང་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་ནག་ཆུ་གྲོང་ཁྱེར་ལ་ལས་ཞུགས་ལས་གནས་ཁྲི་1.4མཁོ་འདོན་བྱས་པ་དང་། ཆེད་དོན་ལས་བསྡུ་ཐེངས་16སྒྲིག་འཛུགས་བྱས་པ། ལས་ཞུགས་རོགས་སྐྱོར་མ་དངུལ་སྒོར་ཁྲི་2500བཏང་བ། ཐེམ་ཁུངས་ནག་ཆུ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་398ལྗོངས་ཕྱིར་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་རོགས་རམ་བཅས་བྱས་ནས“ལས་ཞུགས་བོད་བརྟན། དམངས་ཕྱུག་བོད་དར”གྱི་འགན་འཁྲི་དང་ལས་འགན་ལག་ལེན་ཧུར་ཐག་བསྟར་བ་རེད།
གོམ་སྟབས་རྗེས་མར་ཀྲེ་ཅང་ཞིང་ཆེན་མི་སྤྱི་དང་སྤྱི་ཚོགས་འགན་བཅོལ་ཁོངས་གཏོགས་ཀྱིས“ཚོགས་སྒྲིག་རྣམ་པའི”ལས་ཞུགས་བོད་སྐྱོར་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་། ལས་ཞུགས་ཞབས་ཞུ། རྩལ་ནུས་གསོ་སྦྱོང་། རིག་གནས་སྤེལ་རེས་སོགས་ཐད་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གནད་སྨིན་སྦྲེལ་མཐུད་དང་། བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ། ཐུན་མོང་འཕེལ་རྒྱས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ལམ་བུར་བསྐྱོད་དེ། མི་རིགས་མཐུན་སྒྲིལ་དང་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།