དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མཚོ་བོད་ལྕགས་ལམ་ནས་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་གཉིས་འཕར་བྱུང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-11-06

    ཟླ་11ཚེས་3ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ། ཀུང་སི་དེས་སྐྱེལ་འདྲེན་བྱེད་ཤུགས་གནད་སྨིན་བཀོད་སྒྲིག་དང་། ཁྱད་ལྡན་ཞབས་ཞུ་རིམ་སྤོར། ཟོག་འགྲུལ་རྣམ་པ་གསར་གཏོད་བཅས་བྱས་ནས། ས་མཐོའི་ལྕགས་ལམ་སྐྱེལ་འདྲེན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་ནུས་ལྡན་བཏང་བས། དུས་ཚིགས་དང་པོ་ནས་གསུམ་པའི་བར་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་གཉིས་ཀ་འཕར་ཡོད། དེའི་རིང་རིམ་རྩིས་བརྒྱབ་ན། འགྲུལ་པ་མི་ཐེངས་ཁྲི་1499.5སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་4.5%འཕར་བ་དང་། དངོས་ཟོག་ཏུན་ཁྲི་2259.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་10.2%འཕར་ནས་མཚོ་བོད་ས་མཐོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    ལྕགས་ལམ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད། འདི་ལོ་ཚུན་དུ་མཚོ་བོད་ཚོགས་པ་ཀུང་སིས“བོད་དང་མཚོ་སྔོན་དུ་ཡོང་བར་ཁྲིད་སྟོན་དང་མཚོ་བོད་མཉམ་འགུལ་འཁོར་རྒྱུག”མཛུབ་ཁྲིད་དུ་བྱེད་པ་དང་། མཚོ་བོད་ལྕགས་ལམ་གྱི་མ་ལམ་དང་ལམ་རྒྱུད་ཀྱི་ཡིད་འོང་མཛེས་ལྗོངས་ལ་བརྟེན་པ། སྤུས་ལེགས་ཐོན་ཁུངས་བསྡུ་སྒྲིལ་དང་ཡུལ་སྐོར་བའི་ཚོགས་སྤྱི་མི་འདྲ་བའི་སྣ་མང་ཅན་གྱི་དགོས་མཁོར་དམིགས་པ་བཅས་བྱས་ཏེ། “དར་གོས་ལམ་བུའི་ཕུགས་འདུན་རྟགས་ཅན”གྱི་རྒྱས་སྤྲོས་རྣམ་པའི་ཡུལ་སྐོར་མེ་འཁོར་གྱི་སྤུས་རྟགས་ཞིབ་ཚགས་གཏོད་པ་དང་། “མཛེས་པའི་མཚོ་སྔོན། སྐྱིད་པའི་བོད་ལྗོངས”དང“དབྱར་གྱི་གནས་མཆོག་ཟི་ལིང་། ཡིད་དབང་འཕྲོག་པའི་མཚོ་ནུབ། སྦས་ཡུལ་མང་ནེ”སོགས་ཀྱི་བག་ཕེབས་རྣམ་པའི་ཡུལ་སྐོར་མེ་འཁོར་གྱི་ཐོན་རྫས་བཏོན་པ་རེད། དངོས་ཟོག་སྐྱེལ་འདྲེན་ཞབས་ཞུ་ལེགས་གཏོང་དང་ཟོག་འགྲུལ་གསར་གཏོད་ཁྱབ་ཁོངས་སུ་མཚོ་བོད་ཚོགས་པ་ཀུང་སིས་བྱེད་ཐབས་སྣ་མང་སྤྱད་དེ་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲུལ་གྱི་མ་གནས་དམའ་རུ་བཏང་སྟེ་དེང་རབས་ཟོག་འགྲུལ་མ་ལག་འཛུགས་མགྱོགས་སུ་བཏང་བ་རེད། ཕྱོགས་གཅིག་ནས“སྤྱི་ནས་སྤྱི”བར་གྱི་མཉམ་ལས་ཟབ་ཏུ་བཏང་སྟེ“སྤ་སེ་གཅིག་གི་ལམ་ལུགས”ཀྱི་ལྕགས་ལམ་དང་ཆུ་ཐོག་མཉམ་འདྲེན་དོན་འཁྱོལ་ལ་སྐུལ་འདེད་བཏང་བ་རེད། དབྱར་དུས་ཀྱི་འཁོར་ཁྲིད་ཡུལ་སྐོར་གྱི་འཇིབ་ཆུང་སྐྱེལ་འདྲེན་མང་བའི་དངོས་ཡོད་ལ་གཞིགས་ཏེ་འཇིབ་ཆུང་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་མངགས་ནས་ཟླ་4ཚེས་26ཉིན་ནས་ཟླ་བཅུ་པའི་ཟླ་མཇུག་བར་རིམ་རྩིས་བརྒྱབ་ན་རླངས་འཁོར་2225ཙམ་དབོར་བ་རེད། ཕྱོགས་གཞན་ཞིག་ནས་དངུལ་ཁང་དང་འབྲེལ་བ་བྱས་ཏེ་ཟོག་འགྲུལ་དངུལ་རྩའི་ཞབས་ཞུ་ལག་ལེན་བསྟར་ཏེ་ལྕགས་ལམ་གྱི“བདལ་གླའི་ཡིད་རྟོན་དངུལ་བུན”གྱི་ཐོན་རྫས་ཀྱི་ཁྱད་ཆོས་དང་། སྒྲུབ་གཉེར་གྱི་བརྒྱུད་རིམ། རེ་ཞུའི་བླང་བྱ་བཅས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་རེད། ཟླ་བཅུ་པའི་ཟླ་མཇུག་བར། ཐད་སྦྲེལ་ཁ་པར་95306བརྒྱུད་ནས་སྤྱོད་མཁན་35ལ་དབང་སྤྲོད་ནུས་ལྡན་བྱས་པ་དང་། དབང་ཆ་སྤྲད་པའི་ཡིད་རྟོན་དངུལ་འབོར་སྒོར་ཁྲི་1319.2ཟིན་ཏེ་ཁེ་ལས་ཀྱི་བདལ་གླའི་གནོད་ཤུགས་ཆུང་དུ་གཏོང་བར་ཕན་པ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།